ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

ཐེ་ཝན་ལ་སྐྱབས་བཅོལ་བའི་ཁྲིམས་ཡིག་གཏན་འབེབས་བྱ་དགོས།


སྤྱི་ཟླ་༦་པའི་ཚེས་༢༠་ཉིན་ནི་ལོ་ལྟར་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་ཅིང་། ད་ལོའི་སྐྱབས་བཅོལ་ཉིན་མོ་སྟེ། གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐེ་ཝན་ལ་སྐྱབས་བཅོལ་བའི་ཁྲིམས་ཤིག་དགོས་གལ་ཆེ་བ་འདུག་ཅེས་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་མཚོ་གླིང་དུ་༧གོང་ས་མཆོག་གི་སྐུ་དྲིན་ལ་བརྟེན་ནས་བོད་པ་སྐྱབས་བཅོལ་བ་ཚོ་གཏན་སྡོད་བྱེད་ཆོག་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྲིམས་ཤིག་ལོ་ཤས་སྔོན་དུ་གཏན་འབེབས་བྱས་ཟིན་པས་རྒྱ་གར་ནས་ཕེབས་པའི་བོད་པ་སྐྱབས་བཅོལ་བ་ཚོར་ཁྲིམས་དེའི་འོག་ཏུ་དཀའ་ངལ་མེད་པར་གནས་སྡོད་བྱེད་ཆོག འདི་ནི་ཐེ་ཝན་གཞུང་གིས་བོད་པར་ཆེད་དུ་གཟིགས་སྐྱོང་གནང་བ་ཞིག་རེད་ཅེས་ངོ་སྤྲོད་གནང་བྱུང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG