ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨ་རིར་ཧོང་ཀོང་ཐད་ཐེ་བྱུས་བྱས་པའི་སྐྱོན་འཛུགས།


མི་དམངས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་པར་མ་ལྟོས་པར་ཧོང་ཀོང་གཞུང་གིས་དོགས་ཡོད་མི་སྣ་རྩིས་སྤྲོད་བྱ་རྒྱུའི་རྙོག་གླེང་ཆེ་བའི་ཁྲིམས་གཞི་གཏན་འབེབ་བྱ་རྒྱུའི་འཆར་གཞིར་འགྱུར་བ་མེད་ལུགས་བརྗོད་ཡོད་པ་དང་། ཁྲིམས་གཞི་དེ་དངོས་སུ་གཏན་འབེབ་བྱུང་བ་ཡིན་ན་དོགས་ཡོད་མི་སྣ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཆོག་པ་ཆགས་རྒྱུ་ཡིན་སྟབས། གནད་དོན་འདིར་ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པས་རྒྱ་ནག་གིས་དེ་ནི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG