༄༅།། རྒྱ་ནག་གཞུང་གིས་གཉེར་བའི་སཱི་ཇི་ཊི་ཨེན་བརྙན་འཕྲིན་ཁང་གི་གསར་འགོད་པར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་གནས་ཚུལ་མཁོ་གྲུབ་བྱེད་པར་ཡོང་ཆོག་པའི་འཁྲོལ་འཛིན་ལག་འཁྱེར་སྤྲད་མེད་ཅིང་། འདི་ནི་རྒྱ་ནག་གི་བརྙན་འཕྲིན་ལས་ཁང་དེའི་གསར་འགོད་པས་རང་ཉིད་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་ལས་བྱེད་པ་ཡིན་ཞེས་ཨ་མི་རི་ཀའི་གཞུང་ལ་དེབ་སྐྱེལ་བྱས་ཡོད་པར་ཐུག་པ་ཡོད་རེད། ཨ་མི་རི་ཀའི་འབྲེལ་ཡོད་ལས་ཁུངས་ཁག་གི་ཐག་གཅོད་འདིས་རྒྱ་ནག་གི་གཞུང་གཉེར་བརྙན་འཕྲིན་ལས་ཁང་དེའི་གསར་འགྱུར་གྱི་རིགས་ལ་གཞན་གྱི་གདེང་འཇོག་འཐོབ་རྒྱུར་གནོད་སྐྱོན་འཕོག་སྲིད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།