ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྲིད་བློན་མོ་དྷིའི་ལས་དུས་གཉིས་པ་འགོ་འཛུགས།


༄༅།། གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲིད་བློན་ན་རན་དྷ་རམོ་དྷའི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་གྲ་རྒྱས་ཤིག་ཚོགས་རྗེས་སླར་ཡང་ལས་དུས་གཉིས་པ་འགོ་ཚུགསསྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཐེངས་གཉིས་པར་རྒྱ་གར་གཞུང་གིས་འཛམ་གླིང་ཡུལ་གྲུ་ཁག་གི་སྐུ་མགྲོན་༨༠༠༠་ལྷག་མགྲོན་འབོད་བྱས་པདེ་དག་གི་གྲས་སུ་བྷང་ག་ལ་དང་འབར་མ། སིངྒ་ལ་དང་ཐེ་ལནཌི། བལ་ཡུལ་དང་འབྲུག་ཡུལ། ཀིར་ཀི་སི་ཐན་དང་མོ་རིཊ་སི་སོགས་རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་ཚོ་གདན་འདྲེན་ཞུས་ཏེརྒྱ་གར་གྱི་མགྲིན་ཚབ་པ་ཞིག་གིསསྲིད་བློན་མོ་དྷིའིགཞུང་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཨང་དང་པོར་བརྩི་བའི་སྲིད་ཇུས་ཤིག་བཟུང་ཡོད་ཅེས་བཤདའོན་ཀྱང་རྒྱ་གར་གྱི་ཁྱིམ་མཚེས་གཙོ་བོ་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རམ་ཁན་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོར་མགྲོན་འབོད་བྱས་མེད་ཅིངཉེ་ཆར་ཕྱི་ཟླ་༢་པའི་ནང་དུ་ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་ཚོར་གཏོར་རྒོལ་བྱས་ནས་མི་༤༠་ལྷག་བསད་ནས་བཟུང་། རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱས་པ་དང་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྒོལ་ལན་སློག་ནསདམག་འཁྲུག་ཆེན་པོ་ལངས་གྲབས་བྱས་པསརྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་སོང་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་མཁའ་ལམ་འགྲིམ་འགྲུལ་སོགས་འགགས།།

རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་སྤྱི་ཡོངས་འོས་འདེམས་ཀྱི་སྔོན་དེར་སྲིད་བློན་མོ་དྷིའི་གཞུང་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དངཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་དྲག་ཆ་ཉེན་རྟོག་པར་གཏོར་རྒོལ་བྱུང་བར་རྒོལ་ལན་སློག་པར་རྒྱ་གར་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་སོང་། འདས་པའི་ལོ་ལྔའི་རིང་ལ་སྲིད་བློན་མ་དྷིའི་གཞུང་གིས་རྒྱ་གར་གྱི་ན་གཞོན་ལས་ཤོར་པའི་དཀའ་ངལ་སེལ་མ་ཐུབ་པའི་སྐྱོན་བརྗོད་ཕོག་གི་ཡོད་པའངམཚམས་ཆད་སོང་། དེར་བརྟེན་༢༠༡༩་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་བློན་མོ་དྷིའི་གཞུང་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་སོང་ཞེས་གླེང་སློང་བྱེད་ཀྱི་ཡོད་རུང་སྲིད་བློན་མོ་དྷིའི་ལས་དུས་ཐེངས་གཉིས་པའི་སྐབས་སུ་དོན་དངོས་ལ་གདོང་ལེན་བྱ་དགོས་པ་སྟེ། རྒྱ་ནག་དང་ཨ་མི་རི་ཀས་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ནས་ཚོང་དམག་ཅིག་རྒྱག་གི་ཡོད་ཅིང། སྲིད་བློན་མོ་དྷིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འཐབ་རྩོད་ཁྲོད་དུ་རྒྱ་གར་གྱི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་མེད་པ། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་ཕོག་ཐུག་མེད་པར་སྲིད་ཇུས་བརྟན་པོ་ཞིག་འཛིན་དགོས་པར་མ་ཟད། ལྷོ་ཨེ་ཤི་ཡ་དང་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་སྟོབས་ཤུགས་ཁྱབ་ཀྱི་ཡོད་པར་འགོག་རྒོལ་བྱ་དགོསཨ་མི་རི་ཀས་ཨི་རན་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཀྱང་རྒྱ་གར་གྱིས་ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པསཨ་རི་དང་རྒྱ་གར་གྱི་འབྲེལ་བར་འགལ་རྐྱེན་མི་འབྱུང་བའི་འབད་བརྩོན་བྱ་རྒྱུ། རྒྱ་གར་རྒྱལ་ནང་དུ་ན་གཞོན་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པར་ལས་ཀ་གསར་པ་གོ་སྒྲིག་ཇི་ལྟར་བྱ་རྒྱུ་ཡིན་མི། རྒྱ་གར་གྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་གཏོང་རྒྱུ། ཨ་རི་དང་རྒྱ་ནག་གི་ཚོང་ལས་ལ་འགལ་རྐྱེན་བྱུང་ཡོད་པའི་སྐབས་འདིར་རྒྱ་གར་ལ་གོ་སྐབས་ཅི་ཞིག་ལེན་རྒྱུ་ཡོད་མེད་སོགས་ལ་སྲིད་བློན་མོ་དྷིའི་གཞུང་གིས་བསམ་བློགཟབ་ནན་བྱ་དགོས་པའི་དུས་ཚོད་རེད་ཅེས་བཤད་འདུག

ལོ་ན་༦༨་ལ་སོན་པའི་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཐེངས་གཉིས་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་དང་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་སོགས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ལཱ་ལིད་མན་སིང་གིས་མཉམ་འབྲེལ་གསར་ཁང་ལ་ཕྱི་འབྲེལ་ཡར་རྒྱས་ནི་སྲིད་བློན་མོ་དྷིའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྩི་ཆོག སྲིད་བློན་མོ་དྷིར་ཕྱི་འབྲེལ་གྱི་གྲུབ་འབྲས་ཐོན་པ་དེ་འདྲ་ཞིག་ཉེ་བའི་དུས་སུ་རྒྱ་གར་གྱི་སྲིད་བློན་གཅིག་ལའང་ཐོན་མྱོང་མེད། ད་ལྟ་མོ་དྷིས་སླར་ཡང་ལོ་ལྔར་རྒྱ་གར་གྱི་སྲིད་དབང་འཛིན་རྒྱུ་འགོ་ཚུགས་ཡོད་པསའཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་གར་གྱིས་སྔར་ལས་ལྷག་པའི་རྒྱལ་སྤྱིའི་ལས་དོན་ཁག་ལ་འགན་འཁྲི་ལེན་རྒྱུ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་ལེན་དགོས་པའི་རེ་བ་འཆང་གི་འདུག སྲིད་བློན་མོ་དྷིའི་ལས་དུས་དང་པོའི་སྐབས་སུ་རྒྱལ་ནང་གི་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་རྒྱ་གར་གྱི་ཁྲོམ་ར་སྒོ་འབྱེད་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་སུ་བཟང་ཕྱོགས་ཀྱི་ནུས་པ་བཏོན་ཡོད་ཅེས་བཤདརྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཟུར་པ་དི་ལིབ་སིན་ཧས་ཀྱང་རྒྱལ་སྤྱིའི་གནས་སྟངས་འདིའིའོག་ཏུ་རྒྱ་གར་གྱི་ལམ་ཕྱོགས་བརྟན་པོ་ཞིག་འཛིན་རྒྱུ་སྲིད་བློན་མོ་དྷིའི་དཀའ་ངལ་ཆེ་ཤོས་སུ་འགྱུར་རྒྱུ་རེད་ཅེས་བཤད་འདུག

ཨ་རིའི་གཞུང་གིས་རྒྱ་གར་ལ་ཨེ་ཤི་ཡའི་གླིང་ཧྲིལ་པོར་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཀྱི་ཡོད་པར་ཁ་གཏད་གཅོག་དགོས་པའི་སྐུལ་ལྕག་དངསྲིད་བློན་མོ་དྷིའི་གཞུང་གིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་དམའ་རུ་གཏོང་དགོས་ཟེར་གྱི་ཡོད་པ་སྟེ། ཟླ་བ་འདིའི་མགོ་སྟོད་དེར་ཨ་རིའི་ཚོང་དོན་དྲུང་ཆེས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རྒྱ་གར་གྱི་ཁྲོམ་རའི་ནང་དུ་འཛུལ་མི་ཐུབ་པ་དང་། ཨ་མི་རི་ཀའི་དངོས་ཟོག་ལ་རྒྱ་གར་གྱི་སྒོ་ཁྲལ་རྒྱག་རྒྱུ་མཐོ་ྲགས་ཀྱི་ཡོད་པའི་འཁང་ར་བཤདརྒྱ་གར་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་ཡོང་བར་རྒྱ་གར་གྱིས་ཨ་མི་རི་ཀ་ནས་ཨ་སྒོར་དུང་ཕྱུར་༡༥༠་ཐམ་པའི་དམག་དོན་ཡོ་བྱད་ཉོ་རྒྱུའིགན་རྒྱ་ཞིག་ལ་མིང་རྟགས་བཀོད། འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན༢༠༣༠་ཡས་མས་སུ་རྒྱ་གར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གསུམ་པར་འགྱུར་རྒྱུ་པ་དང་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཟུར་པ་སིང་ཧས་རྒྱ་གར་བ་ས་ཡ་༧་གྱིས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབཁག་ཏུ་ལས་ཀ་བྱེད་བཞིན་ཡོད། རྒྱ་གར་གྱི་རྡོ་སྣུམ་ནང་འདྲེན་བྱ་ཡུལ་གཙོ་བོ་ཞིག་ཨི་རན་ཡིནསྔོན་ཆད་རྒྱ་གར་གྱིས་པ་ལི་སི་ཐན་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཀྱངལོ་༢༥་སྔོན་ནས་རྒྱ་གར་དང་ཨི་སི་རལ་གྱིས་ཕྱི་འབྲེལ་བཙུགས་ནས་ཕྱོགས་གཉིས་ཀྱིའབྲེལ་བ་ཡག་ཏུ་ཕྱིན་ཡོད། དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བརྟན་ལྷིང་མེད་པར་གྱུར་ན་རྒྱ་གར་བའི་ལས་མིའི་བདེ་འཇགས་དང་རྡོ་སྣུམ་གྱི་འབྱུང་ཁུངས་རྒྱུན་ཆད་མེད་པར་ཡོད་པ་བཅས་ལ་སྲིད་བློན་མོ་དྷིས་བསམ་བློ་གཏོང་དགོས། རྒྱ་གར་གྱིས་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀ་ནས་མཚོན་ཆ་ནང་འདྲེན་བྱེད་འི་ཞོར་དུ་རྒྱ་ནག་དང་པ་ཀི་སི་ཐན་ལ་འབྲེལ་བ་ཡར་རྒྱས་གཏོང་དགོས། ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་བ། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་ཅི་ཞིག་ཐེབས་ཀྱང་རྒྱ་གར་གྱི་ཁེ་ཕན་ལ་ཕན་གནོད་ཀྱི་འབྲེལ་བ་ཡོད་ཅེས་བཤད་འདུག

སྲིད་འཛིན་མོ་དྷིའི་ལས་དུས་ཐེངས་གཉིས་པའི་སྐབས་སུ་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཆེ་ཤོས་ནི་ལྷོ་ཨེ་ཤི་ཡ་ཡིན་སྲིདདཔེ་ནརྒྱ་ནག་གིས་བལ་ཡུལ་དང་སིངྒ་ལ། བྷང་ག་ལ་དང་མལ་ཊིབ་སོགས་ལ་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་རྒྱལ་ཁབ་དེ་དག་གི་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གྲུ་ཁ་དང་གནམ་ཐང་། ཟམ་པ་དང་ཆུ་ཤུགས་གློག་ཁང་སོགས་འཛུགས་སྐྲུན་བྱས་ནས་རྒྱ་གར་གྱི་ཉེ་འཁོར་རྒྱལ་ཁབ་ཁག་གི་རྨང་གཞིའི་མཐུན་རྐྱེན་རྣམས་རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཚུདརྒྱ་གར་གྱི་བཟོ་ཚོང་ལས་ཁང་ཁག་ལ་ལས་དོན་ཞིབ་ཚགས་མེད་པ་དང་དལ་འགོར་ཆེ་བ། འགྲོ་གྲོན་ཆེ་བ་སོགས་ཀྱིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་སྐྱབས་བཅོལ་བྱ་དགོས་ཐུག་གི་ཡོད་པསསྲིད་བློན་མོ་དྷིའི་གཞུང་གིས་སིངྒ་ལ་དང་བྷང་ག་ལ། བལ་ཡུལ་དང་འབྲུག་ཡུལ། མལ་ཌིབ་བཅས་ལ་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱ་ནག་གི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་གཙིགས་སུ་འཛིན་དགོས། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཅི་ཙམ་ཐེབས་ཚེ། རྒྱ་གར་གྱི་བདེ་འཇགས་ལ་དེ་ཙམ་གྱིས་ཉེན་ཀ་ཡོད་ཅེས་རྒྱ་གར་གྱི་ཉམས་ཞིབ་པ་ཚོས་ཁ་གཅིག་གྲག་གིས་ཉེན་བརྡ་བཏང་འདུག

XS
SM
MD
LG