ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༢༡

ཧྭ་ཝེས་ཨ་རིའི་གཞུང་ཁྲིམས་ལ་གཏུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༥་པའི་ཚེས་༢༨་ཉིན་རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་རིའི་རྒྱལ་ཡོངས་ཁྲིམས་ཁང་ལ་ཁྲིམས་གཏུགས་ཞུ་ཡིག་ཅིག་ཕུལ་ནས་ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་ནི་ཁྲིམས་འགལ་ཞིག་ཡིན་པས་ཨ་རིའི་ཁྲིམས་ཁང་གིས་གྱོད་གཞི་འདིར་མྱུར་དུ་ཁྲིམས་གཅོད་བྱ་རྒྱུ་དང་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་གི་འབྲེལ་བཅད་ནས་ཉེས་ཆད་བཅད་པ་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་འདུག

འདི་ནི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་རིའི་ཁྲིམས་ཁང་ལ་ཨ་རིའི་གཞུང་ཁྲིམས་གཏུགས་བྱས་ཏེ་དེང་སྐབས་རྒྱལ་སྤྱིའི་སྟེང་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་གྲས་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་མི་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཏེ་གནོན་ཤུགས་ཆེན་པོི་ཐེབས་ཡོད་པར་ཡ་ལན་སློག་པའི་ཆེད་དུ་ཡིན་ཞིང་། ཧྭ་ཝེ་བཟོི་ཚོང་ཁང་གི་ཁྲིམས་དོན་འགན་འཛིན་གཙོ་བོ་སུང་ལིའུ་ཕིན་གྱིས་སྤྱི་ཚེས་༢༩་ཉིན་གསར་འགྱུར་བརྒྱུད་ལམ་དུ་བརྗོད་གསལ་ལྟར་ན་ཐེངས་འདིར་ཨ་རིའི་རྒྱལ་ཡོངས་ཁྲིམས་ཁང་དུ་ཁྲིམས་གཏུགས་ཞུ་ཡིག་ཅིག་ཕུལ་ཡོད། ཨ་རིའི་གཞུང་གིས་བཏོན་པའི་༢༠༡༩་ལོའི་རྒྱལ་སྲུང་ཁྲིམས་འཆར་གཞིར་བཟུང་ནས་ཧྭ་ཝེ་བཟོ་ཚོང་ཁང་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་བཞིན་པ་ཨ་རིའི་ཁྲིམས་ལ་འགལ་ཡོད་པས་ཁྲིམས་མཐུན་གྱི་ཐོག་ནས་གནས་ཚུལ་འདིར་ཐག་གཅོད་བྱ་དགོས་ཞེས་ཞུས་འདུག

ད་དུང་ཐེངས་འདིར་ཧྭ་ཝེ་བཟོ་ཚོང་ཁང་གི་དག་འབུད་ཁྲིམས་རྩོད་པ་གི་ལིན་ན་གྷིར་གྱིས་ཚེས་༢༩་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་བཤད་པ་ལྟར་ན་ཨ་རིའི་གཞུང་གིས་༢༠༡༩་ལོའི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁེ་དབང་ཁྲིམས་གཞི་ཨང་༡༨༩་པ་ཨ་རིའི་སྤྱི་དབང་བཙན་འཕྲོག་གི་ཁྲིམས་གཞི་དང་འགལ་འདུག ཨ་རིའི་དམངས་གཙོའི་ཀ་བ་གསུམ་གྱི་སྒེར་ཚུགས་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱི་རྩ་དོན་ལ་འགལ་ཡོད་པས་ཁྲིམས་གཏུགས་ཞུ་ཡིག་འདི་ཕུལ་བ་ཡིན་ཞེས་བཤད་འདུག་ཅིང་། ད་ལོའི་སྤྱི་ཟླ་༣་པའི་ཚེས་༧་ཉིན་རྒྱ་ནག་གི་ཧྭ་ཝེ་བཟོི་ཚོང་ཁང་གིས་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་ཤར་ཁུལ་དུ་ཡོད་པའི་ཨ་རིའི་རྒྱལ་ཡོངས་ཁྲིམས་ཁང་དུ་༢༠༡༩་ལོའི་རྒྱལ་སྲུང་ཁྲིམས་གཞིའི་ནང་དུ་ཧྭ་ཝེའི་བརྡ་འཕྲིན་མ་ལག་བཀག་སྡོམ་བྱ་རྒྱུ་འཁོད་ཡོད་པ་ནི་ཨ་རིའི་རྩ་ཁྲིམས་ལ་འགལ་ཡོད་པས་ཁྲིམས་གཏུགས་བྱས་ཡོད་པ་རེད།།

ཧྭ་ཝེ་བཟོ་ཚོང་ཁང་གིས་བཏོན་པའི་ཁྲིམས་གཏུགས་ཞུ་ཡིག་དེའི་ནང་དུ་ཨ་རིའི་རྩ་ཁྲིམས་སུ་ཨ་རིའི་གྲོས་ཚོགས་ཀྱིས་སྐྱེ་བོ་སྒེར་པའི་རྒྱུ་ནོར་དང་རང་དབང་གི་ཐོབ་ཐང་འཕྲོག་མི་ཆོག་པའི་གཏན་ཁེལ་བྱས་ཡོད་ཀྱང་རྒྱལ་སྲུང་ཁྲིམས་གཞིའི་དོན་ཚན་༡༨༩་བའི་གོང་གི་རྩ་ཁྲིམས་ཀྱི་གཏན་འབེབས་ལ་རྒྱབ་འགལ་བྱས་འདུག འདི་ནི་དམིགས་ཡུལ་ཡོད་པའི་སྒོ་ནས་བཟོས་པའི་ཁྲིམས་ཤིག་ཡིན་དང་ཁྲིམས་གཞི་འདི་ནི་ཧྭ་ཝེ་བཟོ་ཚོང་ཁང་ལ་དམིགས་པ་ཞིག་རེད་ཅེས་བཀོད། ཨ་རིའི་༢༠༡༩་ལོའི་རྒྱལ་སྲུང་ཁྲིམས་གཞི་ཞེས་པ་ནི་ཨ་རིའི་གཞུང་གིས་ན་ནིང་དབྱར་ཁར་གཏན་ལ་ཕབ། འདིའི་ནང་དུ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་ཨ་རིའི་གཞུང་གི་ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་རྒྱ་ནག་གི་ཧྭ་ཝེའི་བརྡ་འཕྲིན་མ་ལག་བེད་སྤྱོད་བྱེད་མི་ཆོག་པ་དང་ཧྭ་ཝེ་བཟོ་ཚོང་ཁང་དང་རྒྱ་ནག་གཞུང་ལ་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་འདུག་ཅེས་བཀོད།།

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་བཀོད་ཁྱབ་ཞིག་ལ་མིང་རྟགས་བཀོད་དེ་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་གནོད་པ་བཟོ་མཁན་ཕྱིའི་རྒྱལ་ཁབ་ཀྱི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་གཞུང་གིས་བརྡ་འཕྲིན་མ་རྣམས་ཕྱིར་འཚོང་བྱ་མི་ཆོག་ཅེས་བསྒྲགས། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་དེའི་ཡན་ལག་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་བརྡ་འཕྲིན་གྱི་མ་ལག་ཁག་ཕྱིར་ཚོང་བྱེད་མི་ཆོག་པའི་ཐོ་གཞུང་དུ་བཀོད་པར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་ཆེན་པོི་བྱས་ཡོད་པ་བཅས་ལ་བརྟེན་ནས་ཉེ་ཆར་རྒྱལ་སྤྱིའི་སྟེང་བེད་སྤྱོད་གཏོང་མཁན་ཧ་ཅང་མང་བའི་ཨ་རིའི་གྷུ་གྷལ་བཟོ་ཚོང་ཁང་གིས་གྷུ་གྷལ་གློག་འཕྲིན་དང་གྷུ་གྷལ་ས་ཁྲ། བརྙན་གཏོང་དྲྭ་རྒྱ་སོགས་ཀྱིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་བ་གཅོད་རྒྱུའི་ཐག་བཅད། ཡུ་རོབ་དང་ཨེ་ཤ་ཡའི་བརྡ་འཕྲིན་བཟོི་ཚོང་ལས་ཁང་ཁག་ཅིག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG