ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་གྱི་ཉེན་རྟོག པས་འབར་རྫས་༣་ནུས་མེད་བཟོས།


རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མ་རྡུ་གྲོང་ཁྱེར་གྱི་བྲེལ་འཚུབ་དང་མི་ཚོགས་ཆེ་བའི་ས་གནས་ཁག་གསུམ་ལ་འབར་རྫས་འབར་གས་བྱུང་སྟེ་མི་བཞི་ལ་སྲོག་སྐྱོན་བྱུང་མོད། འོན་ཀྱང་གཟའ་ཟླ་བའི་ཉིན་ས་གནས་གཞན་ཁག་ཅིག་ཏུ་སྔ་ཉིན་ལྟར་འབར་རྫས་བཞག་ཡོད་པ་རྣམས་ཤེས་རྟོགས་བྱུང་སྟེ་ཉེན་རྟོག་མི་སྣ་ཚོས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་མེད་པའི་སྒོ་ནས་འབར་རྫས་གསུམ་ནུས་མེད་བཟོ་ཐུབ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG