ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་འདས་གྲོངས།


༄༅།། བོད་ཀྱི་ཁ་ཤགས་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་འདས་གྲོངས་སུ་ཕྱིན་པར་བོད་ཕྱི་ནང་གཉིས་སུ་མྱ་ངན་ཞུ་མཁན་ཡོད་ཀྱང་འདས་པོ་དེས་བོད་པའི་སེམས་ཁམས་ལ་ཕོག་ཐུག་བཏང་མྱོང་ཡོད་པས་མྱ་ངན་ཞུ་འོས་པ་མི་འདུག་ཅེས་བརྗོད་མཁན་ཡང་འབྱུང་གི་ཡོད་པ་རེད།། དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སྐབས་སུ་ཁ་ཤགས་བཤད་པ་ནས་འགོ་འཛུགས་ཀྱིས་རིམ་བཞིན་འཇམ་དབྱངས་བློ་གྲོས་དམ་པ་དེས་བོད་ཀྱི་ས་ཁུལ་ཁག་གི་སློབ་གསོ་དང་འཕྲོད་བསྟེན། གྱོད་གཞི་དང་ཁ་མཆུ་སོགས་བརྗོད་གཞིར་བཟུང་ནས་གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ་ཞིག་ཏུ་གྱུར། ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱིས་བོད་པ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་མྱོང་ཡོད་པས་མི་ཚོས་དམ་པ་དེར་མྱ་ངན་དང་རྗེས་དྲན་ཞུ་བཞིན་ཡོད་མོད། འོན་ཀྱང་འཇམ་དབྱངས་བློ་གྲོས་ཀྱིས་བོད་པ་བཙན་བྱོལ་བ་ཚོར་སྡང་ཟུག་གི་རྩོམ་ཡིག་ཅིག་བྲིས་པ་སོགས་ལ་བརྟེན་ནས་འདས་པོ་དེར་མྱ་ངན་ཞུ་དགོས་དོན་མི་འདུག་ཅེས་ལྟ་ཚུལ་བརྗོད་མཁན་བོད་པ་མི་ཉུང་བ་ཞིག་འབྱུང་གི་ཡོད་པ་རེད།། ཚེ་རིང་སྐྱིད་ཀྱིས་འཇམ་དབྱངས་བློ་གྲོས་ཀྱི་མི་ཚེ་དང་བརྩམས་ཆོས་ངོ་སྤྲོད་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG