ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་གི་བོད་ཀྱི་གནད་དོན།


ཕྱི་འབྲེལ་ཞེས་པའི་དུས་དེབ་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་བོད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་དམ་ཞེས་འགོ་བརྗོད་དུ་བཀོད་པའི་དཔྱད་རྩོམ་ནང་རྒྱ་ནག་ལ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་གཟའ་འཁོར་འདིའི་ནང་བོད་ལ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པ་དེའི་ཐོག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་ལ་བོད་ཀྱི་གནད་དོན་དེ་བསྐྱར་དུ་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ཡིན་སྲིད་པའི་སྐོར་གནས་ཚུལ་ཞིག་སྤེལ་བ་དང་དེ་ཡང་རྒྱ་ནག་གི་ངོས་ནས་ཨ་རིའི་གཞུང་ཚབ་ཆེན་མོའི་གཟིགས་སྐོར་དེའི་རིང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱ་བོད་མི་རིགས་གཉིས་འཆམ་མཐུན་ངང་གནས་བཞིན་པ་སྟོན་ཐབས་དང་ཡང་ཨ་རིའི་ངོས་ནས་སྲིད་འཛིན་ཌོམ་སྲིད་གཞུང་ལ་རྒྱ་ནག་དང་འབྲེལ་བའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་གནང་གི་མེད་པའི་སྐྱོན་བརྗོད་ཡོང་བཞིན་པར་གདོང་ལེན་དང་བོད་ཀྱི་གནད་དོན་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཆེད་བེད་སྤྱོད་ཆེ་ཙམ་གནང་རྩིས་ཡོད་པའི་སྐོར་ལ་དཔྱད་རྩོམ་སྤེལ་བ་དེ་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG