ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ལས་དོན་ཚོགས་ཆུང་གིས་ཁྲིམས་ཐོག་ཏུ་བཀའ་འགུག་གནང་བར་མ་ལྟོས་པར་གཟའ་མིག་དམར་ཉིན་མོར་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་ཌོན་མེ་གྷན་གྱིས་དམིགས་གསལ་དྲི་ཞིབ་པ་རོ་བྷར་ཊི་མུ་ལར་གྱི་སྙན་ཐོའི་སྐོར་ལ་གྲོས་ཚོགས་སུ་འདྲི་ཞིབ་བྱ་དགོས་པ་དེར་ངོ་བཅར་ཞུས་མེད་པས་དམངས་གཙོ་སྲིད་དོན་ཚོགས་པའི་ནང་ཁུལ་དུ་སྲིད་འཛིན་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་ཞེས་གསུང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་གོང་དུ་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པའི་ལས་བྱེད་པ་སུ་རུང་ལ་དམངས་གཙོ་ཚོགས་པས་འདྲི་ཞིབ་གནང་རྒྱུར་འགག་ཆ་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།