འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལ་འདས་པའི་གཟའ་འཁོར་ལྔའི་རིང་དུ་མི་མང་དུང་ཕྱུར་༩་ཡས་མས་ཤིག་གིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ལ་མཉམ་ཞུགས་བྱས་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༢༣་སྟེ། རེས་གཟའ་ཕུར་བུའི་ཉིན་སྤྱི་ཡོངས་འོས་འདེམས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་དེའི་སྔོན་ལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱི་གཞུང་འཛིན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་ཕྱོགས་འགལ་ཚོགས་པས་ཁས་ལེན་བྱེད་ཀྱི་མེད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།