ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་མའོ་ཙེ་ཏུང་གི་དུས་སྐབས་ལ་ཕྱིར་ལོག


༄༅།། རྒྱ་ནག་གུང་ཁྲན་དམར་ཤོག་ཚོགས་པས་ཉེ་ཆར་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་ལྟ་བ་ཟེར་བ་བསྐྱར་བརྗོད་བྱས་ཡོད་པས་གནད་དོན་དེར་དཔྱད་ཞིབ་པ་ཚོས་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་ཅིང་། དེ་ནི་ཁྱོན་ཡོངས་ནས་བཤད་ན་མའོ་ཙེ་ཏུང་གི་དུས་རབས་ལ་ཕྱིར་ལོག་བྱ་རྒྱུའི་མཚོན་རྟགས་ཤིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་མཁས་པ་ཁ་ཤས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་སྔར་ནས་གྲལ་རིམ་གྱི་ལྟ་ཚུལ་སོར་བཞག་བྱས་མྱོང་མེད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ཧྲེན་ཧོས་ཧོང་ཀོང་ནས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞཱུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG