ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་རིའི་གཞུང་ཚབ་པ་བོད་ལ་ལྟ་སྐོར་དུ་ཕེབས་པ།


པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་བོད་ལ་ཉིན་༦་གི་ལྟ་སྐོར་དུ་ཕེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་དང་དེ་རྗེས་བོད་རང་སྐྱོངས་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ལ་ལྟ་སྐོར་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཀྱི་བོད་ཀྱི་སྐུ་ཚབས་དོན་བཅོད་ཁང་གི་སྐུ་ཚབ་དོན་བཅོད་དངོས་གྲུབ་ཚེ་རིང་གིས་རྒྱ་ནག་གཞུང་གིས་ཐེངས་འདིའི་ལྟ་སྐོར་རྗེས་སུ་མུ་མཐུད་དུ་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་ཁག་དང་གསར་འགོད་པ། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་འཁོད་བོད་པ་རྣམས་རང་ཡུལ་ལ་ལྟ་སྐོར་བྱེད་དུ་གཏོང་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཐེངས་འདིར་ཨ་རིའི་གཞུང་ཚབ་པས་བོད་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གནམ་ས་བླ་འོག་བརྗེ་པ་ལྟ་བུ་ཞིག་ཐེབས་ཡོད་པ་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG