འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
ཆུང་དུས་བཙན་གནོན་མྱོང་ན་མི་ཚེ་ཧྲིལ་པོར་དཀའ་ངལ།
ལོ་ཆུང་བྱིས་པའི་དུས་སུ་ཕ་མས་ལྟ་སྐྱོང་ཡག་པོ་མ་བྱས་པ་དང་མཐོང་ཆུང་། དམའ་འབེབས་དང་བཙན་གནོན། གཙན་གཡེམ་སོགས་ཕོག་པ་ཡིན་ན་བྱིས་པ་དེ་འཚར་ལོངས་བྱུང་དུས་མི་ཚེ་ལ་སྐྱོན་ཆེན་པོ་ཕོག་གི་ཡོད་ཅིང་། དཔེར་ན་ཕྱིའི་ལུས་པོའི་འཕྲོད་བསྟེན་དང་ནང་སེམས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་འབྱུང་གི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།