ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོ་ནི་༡༩༨༩་ལོར་རྒྱ་ནག་གི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་བྱུང་ནས་ལོ་ཧྲིལ་པོ་༣༠་འཁོར་བའི་ལོ་ཡིན་པའི་སྟབས་ཀྱིས་བདུན་ཕྲག་འདིའི་གཟའ་མིག་དམར་གྱི་དགོང་དྲོར་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁ་སེ་ཌོར་ཡེ་ཤུའི་ཆོས་ཁང་དུ་དྲུག་བཞིའི་སློབ་མའི་དམངས་གཙོའི་ལས་འགུལ་བྱུང་ནས་ལོ་འཁོར་༣༠་འཁོར་བར་རྗེས་དྲན་ཚོགས་འདུ་ཞིག་ཚོགས། རྗེས་དྲན་ཚོགས་འདུ་དེའི་སྟེང་དུ་༡༩༨༩་ལོའི་སློབ་མའི་དམངས་གཙོའི་ལས་འགུལ་ལ་དངོས་སུ་ཞུགས་མྱོང་མཁན་གྱི་མི་སྣ་ཁག་མཉམ་ཞུགས་བྱས་ཡོད་པར་མ་ཟད། ཨ་རིའི་སྨྱུག་འཛིན་ཚོགས་པའི་སྙན་ངག་པ་དང་ རྩོམ་པ་པོ། སྒྱུ་རྩལ་བ་སོགས་མཉམ་ཞུགས་བྱས་ཏེ་སྒྱུ་རྩལ་འཁྲབ་སྟོན་བྱས་ཤིང་། གླུ་གཞས་ལེན་པ་དང་སྙན་ངག་གྱེར་འདོན་བྱས་པ་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་ནས་ལོ་༣༠་གོང་གི་སློབ་མའི་དམངས་གཙོའི་ལས་འགུལ་དེར་རྗེས་དྲན་བྱས་པ་དང་ལས་འགུལ་དེར་རྒྱ་ནག་གཞུང་གིས་དམར་གསོད་བྱས་པ་དང་གནོད་འཚེ་ཕོག་པ་ཚོར་རྗེས་དྲན་ཞུས་ཡོད་པ་རེད།

རྗེས་དྲན་ཚོགས་འདུ་འདི་ནི་ཨ་རིའི་སྨྱུག་འཛིན་ཚོགས་པ་དང་རྒྱ་ནག་གི་མི་དོན་ཞེས་པའི་ཚོགས་པས་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་དང་ཚོགས་འདུའི་བརྗོད་དོན་ལ་གནམ་བདེ་སྒོ་མོ་ཆེའི་རང་དབང་དམངས་གཙོའི་ཤུལ་བཞག་རྒྱུད་འཛིན་དར་སྤེལ་བྱ་དགོས་ཞེས་བཏགས་འདུག ཚོགས་འདུ་གོ་སྒྲིག་བྱེད་མཁན་ཚོས་རྒྱ་ནག་གཞུང་གིས་ནུས་ཤུགས་གང་ཡོད་ཀྱིས་སློབ་མའི་དམངས་གཙོའི་ལས་འགུལ་འདི་ལོི་རྒྱུས་ཀྱི་བྱུང་རབས་ནང་ནས་ནག་སུབ་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་སློབ་ཕྲུག་ཚོས་རང་དབང་དམངས་གཙོ་རྩོད་ལེན་བྱས་པའི་ཤུལ་བཞག་ལ་སྒྱུ་རྩལ་བ་སོགས་དོན་གཉེར་ཅན་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱས་འདུག་པ་དང་གླུ་གཞས་སྒྱུ་རྩལ་སོགས་ཀྱི་ལམ་ནས་སྐབས་དེའི་རྒྱ་ནག་དམར་པོའི་གཞུང་གི་སྒེར་གཅོད་དྲག་གནོན་ལ་ཁ་གཏད་གཅོག་མཁན་གྱི་རྒྱ་ནག་མི་དམངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་གོང་བཀུར་ཡོད་ཅེས་བཀོད།།

རྗེས་དྲན་ཚོགས་འདུའི་ཐོག་དྲུག་བཞིའི་དོན་རྐྱེན་སྐབས་དམར་གསོད་ཆེན་མོ་ཞེས་སྙན་ངག་གྱེར་འདོན་གྱི་སྒྲ་ཐག་སྒྲིག་སྦྱོར་བྱས་པར་རྐྱེན་བྱས་ནས་ལོ་བཞི་ལ་བཙོན་འཇུག་བྱས་པའི་རྩོམ་པ་པོ་ལོའོ་ཡུས་ཝུ་དང་སྐབས་དེའི་ཁོང་གི་ལས་རོགས་ཕྱི་རྒྱལ་བ་ཏད་མད་ཧི་གཉིས་ཀྱང་མཉམ་ཞུགས་བྱས་ཡོད་པ་དང་། ཁོ་ཚོས་སྐབས་དེར་ཁོ་པ་ཟུང་གིས་སྒྲིག་སྦྱོར་བྱས་པའི་གྱེར་འདོན་གྱི་སྒྲ་ཐག་རྣམས་རྒྱ་ནག་གི་གྲོང་ཁྱེར་ཉི་ཤུའི་ནང་དུ་ཁྱབ་ཡོད་པར་བཤད་འདུག གཞན་ཡང་སྐབས་དེར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་རྒྱ་བསྒྲགས་པའི་མི་ཉེར་གཅིག་གི་གྲས་སུ་ཡོད་པའི་ཀྲང་པོ་ལི་ཡང་མཉམ་ཞུགས་བྱས་ཏེ་ལོ་རྒྱུས་ཀྱི་རྨ་ཁ་ཞེས་པ་སོགས་དྲུག་བཞིའི་དམངས་གཙོའི་ལས་འགུལ་རྗེས་དྲན་གྱི་གླུ་གཞས་བླངས། ཁོ་པས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་དོན་ལ་དྲུག་བཞིའི་དམངས་གཙོའི་ལས་འགུལ་བྱུང་ནས་ལོ་༣༠་འཁོར་བའི་དུས་དྲན་གྱི་ཉིན་མོ་འདི་ཧ་ཅང་གལ་ཆེན་པོི་རེད། ད་ལྟའི་གནས་བབ་ལ་ཅི་ཙམ་འགྱུར་བ་བྱུང་ཡོད་ཀྱང་ང་ཚོས་ལོེ་དེར་དམངས་གཙོ་དང་རང་དབང་ལ་བཅངས་བའི་རེ་བའི་ཕུགས་བསམ་དེར་འགྱུར་བ་མེད་ཅེས་བཤད་འདུག

ད་དུང་དབྱིན་ཡུལ་ནས་ཡོང་བའི་རྩོམ་པ་པོ་མ་ཅན་གྱིས་དྲུག་བཞིའི་དོན་རྐྱེན་ནང་དུ་གཞུང་དམག་གིས་མེ་མདས་བརྒྱབ་སྟེ་དབང་པོ་སྐྱོན་ཅན་དུ་གྱུར་པའི་མི་ཞིག་གི་གཏམ་རྒྱུད་བྲིས་ཡོད་པའི་སྒྲུང་རྩོམ་ཀློག་འདོན་བྱས་ཤིང་། ཁོ་པས་སྒྲུང་རྩོམ་དེའི་ཐད་དུ་འགྲེལ་བཤད་བྱས་པ་ལྟར་ན་སྒྲུང་རྩོམ་འདིའི་ནང་གི་དབང་པོ་སྐྱོན་ཅན་དེས་མི་རྣམས་ལ་དམངས་གཙོ་ནི་རྩོད་ལེན་བྱས་ནས་ལེན་རྒྱུ་ཞིག་ཡིན་པར་ངེས་ཤེས་ཐོབ་རྒྱུར་སྐུལ་སློང་བྱེད་བཞིན་ཡོད། དམངས་གཙོའི་ལས་འགུལ་ལ་རྒྱལ་ཁ་ཐོབ་སྲིད་ལ་ཕམ་ཁ་ཡང་འབྱུང་སྲིད། ཡིན་ནའང་གོ་སྐབས་དམ་འཛིན་བྱས་ནས་རྩོད་ལེན་བྱས་ན་དེ་ནི་རང་བཞིན་གྱིས་ཤུལ་བཞག་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཅེས་བཤད་འདུག ཡང་སྙན་ངག་པ་ཧོང་ཞང་གིས་འདི་ནི་ང་ཚོ་རྒྱ་ནག་པའི་དྲུག་བཞིའི་དོན་རྐྱེན་ཡིན་རུང་ང་ཚོས་ལས་འགུལ་འདིར་དོ་སྣང་བྱས་པའི་ཚད་དེ་ཨ་རི་བར་མི་དོ་བའི་གནད་དོན་འདིས་རྒྱལ་ཁབ་ཞིག་དང་མི་རིགས་ཤིག་ལ་མཚོན་ན་མི་སྤྱིའི་བློ་གྲོས་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་མཚོན་ཐུབ་ཅེས་བརྗོད་ཡོད་པ་སོགས་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།།

XS
SM
MD
LG