ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨི་རན་རྡུལ་ཕྲན་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱ་ཉེན།


ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་རེས་གཟའ་ལྷག་པའི་ཉིན་རྒྱལ་ཡོངས་ལ་གསུང་བཤད་གནང་སྟེ་ཕྱི་ལོ་༢༠༡༥་ལོར་ཨ་མི་རི་ཀ་ཚུད་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་དྲུག་དང་ཨི་རན་གཞུང་གིས་ཨི་རན་གྱི་རྡུལ་ཕྲན་ལས་གཞི་ཁག་ཚོད་འཛིན་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱས་པར་མ་ཟད། ཨི་རན་ལ་ཞི་དྲག་གཉིས་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། སྲིད་འཛིན་རོ་ཧ་ཎིས་མ་འོངས་པའི་ཉིན་གྲངས་༦༠་ཐམ་པའི་ནང་ཚུད་དུ་བསྐྱར་འགྲིག་ཅིག་མ་བྱུང་ཚེ། ཨི་རན་ཡང་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་ཅིང་། དེར་བརྟེན་སྐབས་དེའི་གྲོས་མཐུན་ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་བྱ་ཐབས་དཀའ་བའི་གནས་སུ་ལྷུང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG