༄༅། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མའི་སློབ་སྟོན་པ་ཝྭ་ལ་རི་ཇཱེ་རི་ཊིས་རང་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ནང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངའི་མི་ཚེ་ལ་འགྱུར་བ་བཏང་སོང་ཞེས་བཀོད་ཡོད་ཅིང་། འདི་ནི་ཁོ་མོ་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་ཉམས་མྱོང་དང་། སྲིད་འཛིན་ཨོ་བྷ་མའི་ལྷན་དུ་ཕོ་བྲང་དཀར་པོར་༧གོང་ས་མཆོག་མཇལ་འཕྲད་བྱུང་སྟེ་བཀའ་མོལ་གནང་བ་སོགས་ཀྱི་ཉམས་མྱོང་རྣམས་བྲིས་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།