ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གཞུང་གིས་བོད་པ་མིང་སྲིང་གཉིས་བཙོན་འཇུག


རྫ་སེལ་ཤུལ་གྱི་དམངས་ཁྲོད་རྟ་རྒྱུག་བྱེད་མཁན་སྐད་གྲགས་ཅན་དབང་ཆེན་དང་ཁོང་གི་གཅེན་མོ་སྒྲོལ་དཀར་གཉིས་ས་ཁུལ་དེའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་གད་སྙིགས་གཙང་སྦྲའི་ལས་འགུལ་ལ་མཉམ་ཞུགས་སྐབས་སུ་དབང་ཆེན་གྱིས་མི་མང་ཁྲོད་དུ་༧པཎ་ཆེན་རིན་པོ་གློད་གྲོལ་གཏོང་དགོས། ༧རྒྱལ་བ་༧པཎ་ཆེན་གཉིས་བོད་དུ་ཞལ་འཛོམས་དགོས། རང་སྲེག་ངོ་རྒོལ་བ་༡༥༠་བྱུང་བའི་འགན་ང་ཚོར་ཡོད་ཅེས་ལ་སོགས་པའི་གླེང་སློང་བྱས་ཤིང་། དེར་བརྟེན་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་འཛིན་བཟུང་བྱས་འདུག ཉིན་ཤས་རྗེས་སུ་གཅེན་མོ་སྒྲོལ་དཀར་ཀྱང་ས་གནས་སྤྱི་བདེ་ལས་ཁུངས་སུ་འབོད་འགུགས་ཀྱིས་བཀག་ཉར་བྱས་ཡོད་འདུག ད་ལྟ་ཁོང་མིང་སྲིང་གཉིས་ནི་རྒྱལ་ཁབ་ལ་གྱེན་ལངས་རྩ་འཛུགས་བྱེད་མཁན་རེད་ཅེས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། ཁོང་གཉིས་ཀྱི་ཨ་ཁུ་དང་བོད་ཀྱི་དུས་བབ་ཀྱི་རྒྱ་གར་ལྷོ་ཕྱོགས་ས་གནས་ཀྱི་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལ་ཚེ་རིང་སྐྱིད་ཀྱིས་ཞིབ་ཕྲའི་གནས་ཚུལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG