ཕ་ཡུལ་གླེང་སྟེགས།
༧གོང་ས་མཆོག་གིས་དུས་འཁོར་བགྲོ་གླེང་ཐོག་ཏུ་བཀའ་སློབ།
རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ལྟར་ཕྱི་ཟླ་༥་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་དུས་འཁོར་ལྷ་ཁང་དུ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་བརྩི་ཞུ་བའི་ལས་རིམ་གྲས་སུ་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་༦༠༠་འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ནས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བཀའ་སློབ།