བྱང་ཀོ་རི་ཡ་ནས་རྒྱ་ནག་ལ་བྲོས་བྱོལ་དུ་བསྐྱོད་པའི་མི་སྣ་༧་རྒྱ་ནག་གིས་འཛིན་བཟུང་བྱས་ནས་བྱང་ཀོ་རི་ཡར་ཕྱིར་ལོག་མ་བྱ་ཞེས་འབོད་སྐུལ་དང་སྦྲགས། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་གོང་ཞུས་ཀྱི་མི་དེ་དག་གི་བཟའ་མི་དང་གཉེན་ཉེ་བཅས་པ་འདུ་འཛོམས་བྱས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་ཡོད་པའི་བྱང་ཀོ་རི་ཡའི་མི་དེ་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།