ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཡུ་གུར་བའི་བདེ་སྡུག་གླེང་ཐུབ་མེད་པ།


༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་མོལ་ཚོགས་འདུར་ཞུགས་པར་གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་པེ་ཅིང་ལ་ཕེབས་ཏེ། ཚོགས་འདུའི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཕྱི་སྲིད་བློན་ཆེན་བཅས་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཅིང་། གྲོས་མོལ་དེ་དག་གི་སྐབས་སུ་སྤྱི་ཁྱབ་དྲུང་ཆེས་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེ་ས་ཡ་༡་བརྒལ་བ་ཞིག་རྒྱ་གཞུང་གིས་བཀག་ཉར་ཁང་ཁག་གི་ནང་དུ་དོ་དམ་བྱས་ཏེ། ཁོ་ཚོའི་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་བར་འགྱུར་བ་གཏོང་རྒྱུའི་ཆེད་དུ་སློབ་གསོའི་ལས་འགུལ་ཞིག་གདུག་རྩུབ་ཆེན་པོས་སྤེལ་བཞིན་པའི་གནད་དོན་ཐད་དུ་གླེང་སློང་དེ་ཙམ་གནང་མེད་པར་མ་ཟད། ད་དུང་ལས་འགུལ་དེ་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ལས་དོན་ལ་འབྲེལ་བ་ཡོད་ཚུལ་བརྗོད་པར་ཡུ་གུར་བ་ཚོས་བློ་ཕམ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG