ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་ཀྱི་གོམ་སྐྱོད་ལས་འགུལ་མཇུག་སྒྲིལ།


བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་རྡེ་ར་རྡུན་ནས་རྒྱལ་ས་ལྡི་ལི་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བ་ཕྱི་ཚེས་༢༩་ཉིན་ལྡི་ལིའི་ཇཱན་ཏ་མན་ཏར་ས་གནས་སུ་མཇུག་བསྒྲིལ་ཡོད་ཅིང་། ད་ཐེངས་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་སྐབས་སུ་རྒྱ་གར་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་རྒྱ་ནག་གི་བཀག་ཉར་འོག་ནས་གློད་གྲོལ་ཡོང་ཐབས་སུ་རྒྱ་གར་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག་པའི་ཞིབ་ཕྲའི་གནས་ཚུལ་རྣམས་འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་པའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG