ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་བརྟན་ལྷིང་བྱུང་ན་བལ་ཡུལ་ལ་དགེ་མཚན་ཆེ།


༄༅།། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཀྱི་ཚོགས་འདུ་ཐེངས་གཉིས་པར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཕེབས་ཡོད་ཅིང་། ཁོང་གིས་རྒྱ་ནག་ཞི་བདེ་བརྟན་ལྷིང་དང་སྟོབས་ཆེན། ཡར་རྒྱས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ལ་གྱུར་ན་བལ་ཡུལ་ལ་དགེ་མཚན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག་པར་མ་ཟད། བལ་ཡུལ་གྱིས་བོད་དང་ཐེ་ཝན་གཉིས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་པའི་ལངས་ཕྱོགས་བརྟན་པོར་བཟུང་ཡོད་ཅེས་བསྒྲགས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡིས་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG