ངོ་འཕྲད་བདེ་བའི་དྲ་འབྲེལ།

འཐབ་ཕྱོགས་གཅིག་གྱུར་གྱིས་བོད་པ་ཁ་འཐོར་གཏོང་ཐབས།


ཕྱི་རྒྱལ་གྱི་བོད་པའི་སྤྱི་ཚོགས་ཁ་འཐོར་གཏོང་ཐབས་དང་རྒྱལ་སྤྱིའི་ནང་བོད་དོན་མགོ་རྙོག་པོ་བཟོ་བའི་ཆེད་དུ་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཀས་ཁུངས་ཀྱིས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་པའི་ཚོགས་པ་འཛུགས་བཞིན་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། ཡང་ཇི་སྲིད་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ཞི་བའི་གྲོས་མོལ་གྱིས་བོད་ཀྱི་གནད་དོན་མ་སེལ་བ་ཡིན་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་སྤྱི་ཚོགས་ལ་དོ་ཕོག་གཏོང་བའི་དམིགས་ཡུལ་འོག་སྲིད་ཇུས་གང་འདྲ་བཟུང་ཡང་གྲུབ་འབྲས་ཐོན་རྒྱུ་མིན་པ་གསལ་སྟོན་གནང་ཡོད་ལ། བོད་པ་ཚོས་འདི་ལྟའི་རྒྱ་ནག་གི་སྲིད་ཇུས་ལ་གདོང་ལེན་བྱེད་ཕྱོགས་དང་རྒྱ་ནག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་ཚོགས་པ་འཛུགས་བཞིན་པ་འདི་ཡིས་ཤུགས་རྐྱེན་གང་འདྲ་ཐེབས་མིན་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG