ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལོ་བཅུ་ཕྲག་མང་པོར་བཟའ་མི་ཁ་བྲལ་གྱི་དཀའ་སྡུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལོ་རབས་༨༠་པའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་ཕྲན་བུ་ཞིག་གུ་ཡངས་གཏོང་འགོ་ཚུགས། དེའི་རྗེས་སུ་བོད་ནས་བོད་ཕྲུག་བརྒྱ་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་སླེབས་ཡོད་ཅིང་། དེ་བཞིན་བོད་པ་མང་པོ་ཞིག་རྒྱ་བལ་གཉིས་ཀྱི་དགོན་པ་དང་གྲྭ་ཚང་ཁག་ལ་ཆོས་ཞུགས་བྱས་ཡོད་རེད།།

༄༅།། ལོ་རབས་༨༠་པའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ལ་སྲིད་བྱུས་ཕྲན་བུ་ཞིག་གུ་ཡངས་གཏོང་འགོ་ཚུགས། དེའི་རྗེས་སུ་བོད་ནས་བོད་ཕྲུག་བརྒྱ་ཕྲག་མང་པོ་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་བྲོས་བྱོལ་ལ་སླེབས་ཡོད་ཅིང་། དེ་བཞིན་བོད་པ་མང་པོ་ཞིག་རྒྱ་བལ་གཉིས་ཀྱི་དགོན་པ་དང་གྲྭ་ཚང་ཁག་ལ་ཆོས་ཞུགས་བྱས་ཡོད་རེད།།
གཟའ་འཁོར་འདིའི་ལས་རིམ་ལ་སྐབས་དེར་བོད་ནས་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་ཡོང་མཁན་བོད་པ་གཉིས་ལ་འདས་པའི་ལོ་མང་རིང་ཕ་མ་སྤུན་མཆེད་སོགས་ལ་ཐུག་འཕྲད་བྱུང་ཡོད་མེད། ནང་མི་ཚོར་འབྲེལ་བ་འཛུགས་ཐུབ་ཡོད་མེད། འདས་པའི་ལོ་ཟླ་རིང་མོའི་ཡུན་དེར་ནང་མི་དང་ཁ་བྲལ་ནས་འཚོ་གནས་བྱ་དགོས་བྱུང་བར་མྱོང་ཚོར་ཅི་བྱུང་སོགས་ལ་གླེང་མོལ་ཞུས་ཡོད།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG