ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་སྤྱི་ཡོངས་འོས་བསྡུ་འགོ་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། གཟའ་ཕུར་བུའི་ཉིན་ནས་རྒྱ་གར་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་པའི་སྤྱི་ཡོངས་འོས་བསྡུ་ཆེན་མོ་འགོ་ཚུགས་ཡོད་ཅིང་། རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་དང་བྱེ་བ་༧་ལྷག་ཡོད་པ་ནི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཅིག་གི་མི་འབོར་ཆེས་མང་ཤོས་དེ་ཡིན་པ་དང་། དེའི་ནང་ནས་མི་གྲངས་དུང་ཕྱུར་༩་ཡས་མས་ཤིག་གིས་ལོ་འདིའི་སྤྱི་ཡོངས་འོས་འདེམས་ལ་འོས་ཤོག་འཕེན་ཆོག དེ་ལྟ་བུའི་མི་འབོར་མང་བའི་རྒྱལ་ཁབ་དེར་འོས་བསྡུ་ཉི་མ་གཅིག་ལ་བྱེད་ཚར་གྱི་མེད་པ་སྟེ། ཧི་མ་ལ་ཡའི་རི་འདབས་ནས་རྒྱ་གར་རྒྱ་མཚོའི་མཐའ་བར་དུ་དམངས་གཙོའི་འོས་འདེམས་བྱ་དགོས་པས་འོས་བསྡུ་དེ་རིམ་པ་བདུན་ལ་བགོས་ནས་ཕྱི་ཟླ་༤་ཚེས་༡༡་ནས་ཕྱི་ཟླ་༥་ཚེས་༢༣་བར་དུ་དུས་ཡུན་བདུན་ཕྲག་ལྔ་ལྷག་འགོར་གྱི་ཡོད་པ་རེད།། ད་ཐེངས་ཀྱི་འོས་བསྡུ་སྐོར་ཐེངས་དང་པོ་དེར་མངའ་སྡེ་༡༨་དང་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གཉིས་བཅས་འདུས། ༢༠༡༩་ལོའི་འོས་བསྡུའི་སྐབས་སུ་སྲིད་བློན་འོས་མིར་གཞུང་འཛིན་བྷེ་ཇེ་བྷི་སྲིད་ཚོགས་པའི་འགོ་ཁྲིད་དང་། རྒྱ་གར་གྱི་སྲིད་བློན་ལས་ཐོག་ནཱ་རེན་དྷར་མོ་ཌི་སླར་ཡང་སྲིད་བློན་འོས་མིར་ཐེངས་གཉིས་པ་ལངས་ཡོད་ཅིང་། སྲིད་བློན་མོ་དྷིའི་ཁ་གཏད་ལ་རྒྱ་གར་གྱི་རྒྱལ་ཡོངས་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་རཱ་ཧུལ་གྷན་ཌི་ལངས་ཡོད་པ་རེད།།

ད་ལོ་ཀོང་རེ་སི་ཚོགས་པར་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་མཁན་བྱུང་ཡང་མང་ཚོགས་ཀྱི་བསམ་ཚུལ་བསྡུས་པའི་གྲུབ་འབྲས་ཆེས་གསར་ཤོས་དེར་གཞིགས་ན་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་རྒྱལ་སྐྱོར་བ་མང་བ་ཡོད་པ་དང་ན་རེན་དྷར་མོ་དྷིར་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་གོ་སྐབས་ཡོད་ཡོད་པ་རེད།།

XS
SM
MD
LG