ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་གླིང་གི་འོས་བསྡུ་དང་རྒྱ་ནག་གི་ཤུགས་རྐྱེན།


༄༅།། ཨོ་གླིང་རྒྱལ་ཁབ་ལ་སྤྱི་ཡོངས་འོས་བསྡུ་བྱ་རྒྱུར་གཟའ་འཁོར་ཁ་ཤས་ལས་མེད་པའི་སྐབས་འདིར་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་འབྲེལ་བ་ཡོད་པའི་རྒྱ་མི་འབྱོར་ལྡན་ཞིག་གིས་ལོ་ཤས་གོང་དུ་རང་ལ་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ལག་འཁྱེར་ཐོབ་པའི་ཆེད་དུ་སྐབས་དེའི་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་མི་གཞིས་སྤོར་བློན་ཆེན་ལ་ཐུག་འཕྲད་ཐུབ་པར་བར་མི་ཞིག་ལ་ཨ་སྒོར་སྟོང་ཕྲག་མང་པོ་ལྐོག་རྔན་སྤྲད་ཡོད་པ་སོགས་ཡུལ་དེའི་ཆབ་སྲིད་ལ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་རྩིས་བྱེད་ཀྱི་ཡོད་པའི་དོགས་གཞི་གསར་པ་མང་པོ་ཞིག་འཐོན་འགོ་ཚུགས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG