ངོ་འཕྲད་བདེ་བའི་དྲ་འབྲེལ།

བློ་གྲོས་རྒྱ་མཚོའི་གྱོད་གཞི་རྒྱལ་ཁབ་ཀྱི་གསང་བ་ཡིན་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ལམ་བཙན་བྱོལ་སྤྱི་ཚོགས་སུ་གནས་ཚུལ་ཐོན་པར་གཞིགས་ན་སོག་མཁར་བློ་གྲོས་རྒྱ་མཚོའི་བཙོན་འཇུག་གི་དུས་ཡུན་སླར་ཡང་ཇེ་རིང་དུ་བཏང་ཡོད་ཅིང་། ཨ་རིའི་རླུང་འཕྲིན་ཁང་གི་པེ་ཅིང་དུ་བཅའ་སྡོད་གསར་འགོད་པས་བོད་རང་སྐྱོངས་ལྗོངས། ནག་ཆུ་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་འདྲི་རྩད་བྱས་ཀྱང་ཁྲིམས་ཁང་དེའི་གཞུང་འབྲེལ་མི་སྣ་ཞིག་གིས་སོག་མཁར་བློ་གྲོས་རྒྱ་མཚོར་ལོ་ཅི་ཙམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་གསལ་བོར་བཤད་མེད་པ་དང་། སོག་མཁར་བློ་གྲོས་རྒྱ་མཚོར་ཁྲིམས་ཐག་བཅད་པ་ངེས་གཏན་ཡང་བྱས་མི་འདུག

མིང་འདོན་གསལ་བོ་མ་བྱས་པའི་ནག་ཆུ་ས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་སྣེ་དེས་འགྱོད་གཞི་འདི་ནི་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་ཞིག་རེད། གལ་ཏེ་ངས་དེའི་སྐོར་ཤེས་ཀྱང་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་ཡིན་པས་ཁྱོད་ལ་བཤད་ཐུབ་ཀྱི་མ་རེད་ཅེས་ལན་བཏབ་འདུག

དེ་སྔོན་རྒྱ་ནག་གི་འབྲེལ་མི་སྣ་ཚོས་གཞུང་འབྲེལ་གྱི་གསལ་བསྒྲགས་མ་བྱས་གོང་དུ་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་ལ་སྐད་ཆ་དྲིས་ན་གནས་ཚུལ་དེ་འདྲ་བྱུང་ཡོད་པ་མ་རེད་ཅེས་བཤད་སྲོལ་ཡོད་མོད། འོན་ཀྱང་ཐེངས་འདིར་སོག་མཁར་བློ་གྲོས་རྒྱ་མཚོ་བཙོན་འཇུག་བྱས་མེད་ཅེས་བཤད་མེད་པར་མ་ཟད། འགྱོད་གཞི་དེ་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་ཞིག་ཡིན་ཞེས་བཀྲལ་འདུག

དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན་སོག་མཁར་བློ་གྲོས་རྒྱ་མཚོ་སྔ་ལོ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་ཕོ་བྲང་པོ་ཏ་ལའི་བདུན་དུ་ངོ་རྒོལ་བྱས་པ་དང་། དེའི་རྗེས་སུ་གསང་བའི་ཐོག་ཏུ་ལོ་༡༨་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། དེ་བཞིན་ཁོང་གི་བཟའ་ཟླ་དགའ་སྐྱིད་ལའང་ལོ་༢་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཐོན།།

དེང་སྐབས་རྒྱ་ནག་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོའི་གནད་དོན་དེ་ངས་ཤེས་ཀྱིན་ཡོད། ན་ནིང་སྤྱི་ཟླ་༨་དང་༩་པའི་ནང་དུ་སོག་མཁར་བློ་གྲོས་རྒྱ་མཚོའི་གཉེན་ཚན་ཞིག་གིས་ང་ལ་འབྲེལ་བ་བྱས་ནས་བློ་གྲོས་རྒྱ་མཚོའི་ཁྲིམས་རྩོད་པར་གླ་རྒྱུའི་སྐད་ཆ་བཤད་པ་ཡིན་ཞེས་བཤད་འདུག

མིང་འདོན་གསལ་བོ་བྱ་འདོད་མེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དེས་འདི་ག་རླུང་འཕྲིན་ཁང་གི་པེ་ཅིང་དུ་བཅའ་སྡོད་གསར་འགོད་པར་གཅིག་ནས་ཁྲིམས་ཐག་གཅོད་རྒྱུ་རེད། གཉིས་ནས་ཁོ་པར་ཁྲིམས་རྩོད་པ་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་དགོས་ཀྱི་རེད། གསུམ་ནས་ཁྲིམས་ཐག་བཅད་པ་དྲྭ་ལམ་དུ་ཕྱིར་བསྒྲགས་བྱེད་དང་མི་བྱེད་གཉིས་ཐེ་ཚོམ་རེད། ད་བར་ཁྲིམས་ཐག་བཅད་པའི་གནས་ཚུལ་དྲྭ་ཐོག་ཏུ་ཕྱིར་བསྒྲགས་མ་བྱས་པའང་བྱུང་ཡོད། དཔེར་ན་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་ཚུད་པའི་གནད་དོན་ཁག་ཅིག་དྲྭ་ཐོག་ཏུ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་མ་རེད་ཅེས་བརྗོད་འདུག

ཁྲིམས་རྩོད་པས་སོག་མཁར་བློ་གྲོས་རྒྱ་མཚོར་ཁྲིམས་ཐག་བཅད་ཟིན་ཡོད་ཚེ། ཧ་ལམ་ཁྲིམས་གཅོད་དེ་དོ་བདག་དང་དོ་བདག་གི་བཟའ་མི་རྣམས། ཁྲིམས་རྩོད་པ་བཅས་ལ་མ་གཏོགས་བཤད་ཡོད་ཀྱི་མ་རེད། བློ་གྲོས་རྒྱ་མཚོའི་གཉེན་ཚན་ཚོས་ང་གླ་མ་ཕོད་པ་ནི་གཅིག་བྱས་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་གནོན་ཤུགས་སྤྲོད་རྒྱུ་ཐལ་དྲགས་པས་ཡིན་སྲིད་ཅེས་བརྗོད་འདུག

XS
SM
MD
LG