ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྨི་ལིའི་ནགས་ཚལ་ལ་མེ་སྐྱོན་གྱིས་མི་མང་པོར་སྲོག་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ལེང་ཧྲན་ས་ཁུལ་གྱི་ཁོངས་སུ་བཅུག་པའི་རྨི་ལི་བོད་རིགས་རང་སྐྱོང་རྫོང་གི་ཤིང་ནགས་གི་ཉེ་འཁྲིས་སུ་རེས་གཟའ་སྤན་པའི་ཉིན་ནས་མེ་སྐྱོན་ཚབས་ཆེན་ཞིག་བྱུང་ཡོད་ཅིང་། རྒྱ་ནག་དབུས་གཞུང་གི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་མེ་སྐྱོན་དེས་ད་བར་མི་༣༠་ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་སྲོག་སྐྱོན་བྱུང་མཁན་མང་ཆེ་བ་ནི་ལོ་ན་ཉི་ཤུ་རྩ་གྲངས་སུ་སོན་པ་ཤ་སྟག་ཡིན་པར་མ་ཟད། ཁོ་ཚོ་མང་པོ་ཞིག་མེ་གསོད་རུ་ཁག་གི་ལས་མི་ཡིན་འདུག ཡང་གནས་ཚུལ་ཐོན་པར་གཞིགས་ན་རྨི་ལི་རི་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་རྣམས་རེས་གཟའ་མིག་དམར་གྱི་ཕྱི་དྲོའི་དུས་སུ་གསོད་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG