ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་མིག་དམར། ༢༠༢༥/༠༤/༢༢
འཛམ་གླིང་།
ཁ་སག་སི་ཐན་གྱི་སྲིད་འཛིན་གསར་པ།
༢༢།༠༣།༢༠༡༩
ཁ་སག་སི་ཐན་གྱི་སྲིད་འཛིན་གསར་པ།
པར་འདེབས་པ།
Embed
share
ཁ་སག་སི་ཐན་གྱི་སྲིད་འཛིན་གསར་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:00
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
ཉེ་ཆར་ཁ་སག་སི་ཐན་གྱི་སྲིད་འཛིན་ནུར་སུལ་ཏན་ན་ཟར་བྷ་ཡབ་སྲིད་འཛིན་གྱི་ལས་གནས་ནས་བགྲེས་ཡོལ་ལ་ཕེབས།ཁ་སང་སྤྱི་ཟླ་༣་པའི་ཚེས་༢༠་ཉིན་ཁ་སག་སི་ཐན་གྱི་སྲིད་དབང་འཕོ་འགྱུར་གྱི་འགྲོ་ལུགས་ལྟར་རྒྱལ་ཡོངས་གྲོས་ཚོགས་གོང་མའི་ཚོགས་གཙོ་ཏོ་ཀ་ཡེབ་རྒྱལ་ཁབ་དེའི་སྲིད་འཛིན་གསར་པར་བསྐོ་བཞག་བྱས་ནས་ལས་ཁུར་དམ་བཅའ་བཞགཉིན་དེར་སྲིད་འཛིན་ཟུར་པ་ན་ཟར་བྷ་ཡབ་ཀྱི་བུ་མོ་ཆེ་བ་ཌ་རི་གྷ་ཁ་སག་གི་སི་ཐན་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོར་འོས་འདེམས་ཀྱིས་མ་འོངས་པར་ཁ་ཛག་སི་ཐན་གྱི་སྲིད་འཛིན་ལ་འགྱུར་ཐུབ་པའི་བང་རིམ་བསྒྲིགས་འདུག
སྲིད་འཛིན་གསར་པ་ཏོ་ཀ་ཡེབ་ཀྱི་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཐོག་ཏུ་སྲིད་འཛིན་ཟུར་པ་ན་ཟར་བྷ་ཡབ་ཀྱིས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་ཐོར་སོང་ནས་བཟུང་སྟེ་ཁ་སག་སི་ཐན་གྱི་ཆབ་སྲིད་བསྐྱངས་ཏེ་རྒྱལ་ཁབ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་ཅེས་བསྔགས་བརྗོད་ཞུས་པ་དང་ཆབས་ཅིགཁོང་ལ་མི་རིགས་ཀྱི་དཔའ་པོ་ཞེས་པའི་མཚན་བསྟོད་དང་གསེར་ཀྱི་སྐར་མའི་རྟགས་མ་ཕུལ།ད་དུང་ཁ་སག་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཚོས་རྒྱལ་ས་ཨ་སི་ཐ་ན་གྲོང་ཁྱེར་ལ་ནུར་སུལ་ཏན་ཞེས་མིང་སྒྱུར་བྱས་པ་དང་། ནུར་སུལ་ཏན་ནི་སྲིད་འཛིན་ཟུར་པ་ན་ཟར་བྷ་ཡབ་ཀྱི་རུས་མིང་ཡིན་ཞིང་། ཁ་སག་སི་ཐན་གྱི་ཁྲིམས་ལུགས་ལྟར་སྲིད་འཛིན་ཟུར་པ་ན་ཟར་བྷ་ཡབ་ལ་མི་ཚེ་ཧྲིལ་བོར་ཁ་སག་སི་ཐན་གྱི་དབུ་ཁྲིད་དང་མི་དམངས་ཀྱི་ཡབ་ཆེན་དུ་བཀུར་འོས་པའི་ཆེ་བསྟོད་ཞུས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁ་སག་སི་ཐན་གྱི་སྲིད་འཛིན་ལ་འཕོ་འགྱུར་བཏང་རུང་སྲིད་འཛིན་ཟུར་པའི་བུ་མོ་གྲོས་ཚོགས་གོང་མའི་ཚོགས་གཙོར་འདེམས་བསྐོ་བྱས་པ་ནི་ནུར་སུལ་ཏན་ན་ཟར་བྷ་ཡབ་ཀྱི་ཁྱིམ་ཚང་གིས་སྔར་བཞིན་ཁ་སག་སི་ཐན་གྱི་སྲིད་དབང་རྒྱུན་འཛིན་བྱ་རྒྱུའི་ཐབས་ཇུས་ཤིག་ཡིན་པས་སྲིད་འཛིན་གསར་པ་ཞིག་གིས་སྲིད་དབང་བཟུར་རུང་རྒྱལ་ཁབ་དེའི་ལམ་ལུགས་དང་ཕྱི་འབྲེལ།ནང་སྲིད་སོགས་ཕྱོགས་གང་ཐད་དུ་སྔར་བཞིན་ན་ཟར་བྷ་ཡབ་ཀྱི་དུས་སྐབས་དང་ཁྱད་པར་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
༡༩༩༡་ལོར་ཁ་སག་སི་ཐན་ལ་ཨུ་རུ་སུའི་དམར་ཤོག་གི་དབང་སྒྱུར་འོག་ནས་རང་བཙན་ཐོབ།དེ་ནས་འདས་པའི་ལོི་ངོ་༣༠་ཙམ་ལ་ན་ཟར་བྷ་ཡབ་་གཅིག་པུས་ཁ་སག་སི་ཐན་གྱི་ཆབ་སྲིད་བསྐྱངས། གཟའ་འཁོར་འདིར་གློ་བུར་དུ་ལོ་ན་༧༨་ལ་སོན་པའི་སྲིད་འཛིན་ན་ཟར་བྷ་ཡབ་བགྲེལ་ཡོལ་ལ་ཕེབས་པས་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་རྒྱ་ནག་གིས་ཁ་སག་གི་སི་ཐན་ལ་ཤུགས་རྐྱེན་ཐེབས་ཐབས་ཀྱི་འགྲན་རྩོད་ཆེ་རུ་སོང་ཡོད་པ་སྟེ། ཐ་ན་ཨ་རི་དང་ཏུར་ཀིཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་ཀྱང་ཁ་སག་སི་ཐན་གྱི་སྲིད་འཛིན་གསར་པའི་འཛིན་སྐྱོང་འོག་གི་ཕྱི་འབྲེལ་ལ་འགྲན་རྩོད་ཀྱི་ནུས་པ་སླེབས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།
རྒྱ་ནག་ལ་མཚོན་ན་ཁ་སག་སི་ཐན་ནི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གྱི་འཛུགས་སྐྲུན་བྱ་ཡུལ་གཙོ་བོ་ཞིག་ཡིན་པས་རྒྱ་ནག་གིས་ཁ་སག་སི་ཐན་ལ་ནུས་ཤུགས་ཐོན་སྐྱེད་དང་ཞིང་ལས། རླངས་འཁོར་བཟོ་གྲྭ། ཚན་རིག་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་གལ་ཆེ་ཁག་ལ་མ་རྩ་ཨ་སྒོར་དུང་ཕྱུར་མང་པོ་བཙུགས་ཏེ་མ་འོངས་པར་མུ་མཐུད་དུ་ཁ་སག་སི་ཐན་ལ་བཟོ་གྲྭ་༥༡་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། མ་འོངས་པར་རྒྱ་ནག་གིས་ཁ་སག་སི་ཐན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་དབྱེ་ཞིབ་བྱས་འདུག
གཞན་ཡང་ཁ་སག་སི་ཐན་གྱི་སྲིད་འཛིན་ཟུར་པ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་འབྲེལ་བ་བཟང་པོ་ཡོད་པ་དང་སྲིད་འཛིན་ན་ཟར་བྷ་ཡབ་བགྲེས་ཡོལ་ལ་ཕེབས་པའི་རྗེས་སུ་ཕུ་ཀྲིན་ལ་ཁ་པར་བཏང་མོད།སྤྱི་ཡོངས་ཀྱི་ཆ་ནས་ཁ་སག་སི་ཐན་གྱིས་ཁེ་རི་མཱི་ཡ་གླིང་ཕྲན་དེ་ཉིད་ཨ་ཨུ་རུ་སུའི་ཆ་ཤས་ཤིག་ཡིན་པ་གཏན་ནས་ཁས་བླངས་མེད་པར་མ་ཟད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཟང་འཁྲུག་སློང་གི་ཡོད་པར་རྒྱབ་སྐྱོར་བྱས་མེད་པ་དང་། ཁ་སག་སི་ཐན་གྱི་སྲིད་འཛིན་གསར་པ་སྔོན་ཆད་ཨུ་རུ་སུའི་དམར་ཤོག་གི་དུས་སུ་རྒྱ་ནག་ལ་སློབ་སྦྱོང་དུ་མངགས་མྱོང་།ཁོ་པས་རྒྱ་ནག་ཏུ་བཅའ་སྡོད་ཨུ་རུ་སུ་དམར་ཤོག་གི་གཞུང་ཚབ་ཁང་དུ་སྲི་ཞུ་བསྒྲུབས་མྱོང་ཡོད་བཅས་ཀྱིས་རྒྱ་ནག་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པས་སྲིད་འཛིན་གསར་པ་ཏོ་ཀ་ཡེབ་ཀྱི་དུས་སུ་ཁ་སག་སི་ཐན་གྱིས་ཨུ་རུ་སུ་ལས་ཀྱང་རྒྱ་ནག་ལ་བསྟུན་མཁས་བྱ་སྲིད། དེ་ལྟར་བྱུང་ན་རྒྱ་ནག་ལ་རང་བཞིན་གྱིས་ཁེ་ཕན་ཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
ད་དུང་ཁ་སག་སི་ཐན་གྱིས་ཨ་རི་སོགས་རྒྱལ་ཁབ་གཞན་ལའང་འབྲེལ་ལམ་རྒྱ་སྐྱེད་གཏོང་སྲིད་པ་དང་ཨ་རིས་ཀྱང་རྒྱ་ནག་གིས་ཧ་སག་སི་ཐན་ལ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་རྒྱ་བསྐྱེད་ཀྱི་ཡོད་པར་ལྟད་མོར་བལྟས་ནས་རང་གར་འདུག་མི་སྲིད་ཅེས་གླེང་མཁན་ཡོད་པ་དང་། ལོ་རྗེས་མར་ཁ་སག་སི་ཐན་ལ་སྲིད་འཛིན་འོས་འདེམས་བྱ་སྲིད།སྐབས་དེར་ལོ་ན་༦༥་ལ་སོན་པའི་སྲིད་འཛིན་ལས་ཐོག་ཏོ་ཀ་ཡེབ་ཀྱིས་སྔར་བཞིན་སྲིད་དབང་འཛིན་པའམ། ཡང་ན་ཁོ་པ་ལོ་༡་ལྷག་གི་བར་བརྒལ་སྲིད་འཛིན་ཞིག་ལ་འགྱུར་རྒྱུ་ཡིན་མིན་ནི་ཚོད་དཔག་བྱ་དཀའ། དབྱེ་ཞིབ་པ་ཁ་ཤས་ཀྱིས་གྲོས་ཚོགས་གོང་མའི་ཚོགས་གཙོ་སྟེ། སྲིད་འཛིན་ཟུར་པའི་བུ་མོ་ཌ་རི་གྷ་སྲིད་འཛིན་ལ་འདེམས་བསྐོ་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
XS
SM
MD
LG