ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་མཐུན་གྲོགས་ཚོས་མཉམ་འབྲེལ་དམ་ཟབ།


༄༅།། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རིམ་བཞིན་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་འབྲེལ་བ་བཙུགས་ཡོད་པའི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་རྒྱ་ནག་གི་ཐབས་ཇུས་དེར་ཁ་གཏད་གཅོག་རྒྱུར་སྟོབས་ཤུགས་མཉམ་འབྲེལ་བྱ་རྒྱུ་དང་། ཐེ་ཝན་མཚོ་གླིང་གི་སྲིད་འཛིན་ཚེ་དབྱིན་ཝེན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཐེ་ཝན་གཞུང་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་དང་མ་རྩ་འཛུགས་འཆར་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG