ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་ལ་ཞི་བདེ་དང་རང་དབང་གི་གཟེངས་རྟགས་འབུལ་བཞེས།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༡༨་ལོའི་པེ་སེམ་ཞེས་པའི་འཛམ་གླིང་གི་ཞི་བདེ་དང་རང་དབང་གི་གཟེངས་རྟགས་དེ་ཕུལ་འདུག་ཅིང་། དེ་ཡང་ཨ་རིའི་མངའ་སྡེ་ཨོའི་ཝའི་གྲོང་ཁྱེར་ཌེ་ཝན་པོརྜ་ཞེས་པར་གཞིས་ཚུགས་པའི་ཡེ་ཤུའི་ཆོས་ལུགས་ཀྱི་བླ་མ་ཐོ་མ་སི་ཛིན་ཀུ་ལ་དང་ཕྱག་རོགས་རྣམས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས། ཀུ་རུག་ཛ་ཞེས་པའི་ཡེ་ཤུའི་ཆོས་ལུགས་ཀྱི་གསར་ཤོག་དེར་གནས་ཚུལ་སྤེལ་བར་གཞིགས་ན་ཕྱི་ལོ་༡༩༦༣ ལོར་འགོ་འཛུགས་བྱས་པའི་པ་སེམ་འཛམ་གླིང་ཞི་བདེ་དང་རང་དབང་གི་གཟེངས་རྟགས་དེ་འཛམ་གླིང་འདིར་ཞི་བདེ་དང་དྲང་བདེན་གྱི་མཛད་རྗེས་ཆེ་བའི་མི་སྣ་རེར་ལོ་ལྟར་འབུལ་སྲོལ་ཡོད་པར་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ནས་ས་ཐག་རིང་པོར་འགྲིམ་འགྲུལ་གནང་རྒྱུར་ཚོད་འཛིན་གནང་གི་ཡོད་པར་བརྟེན་སྒྲིག་འཛུགས་དེའི་མི་སྣ་རྣམས་དབྱིན་ལེ་༧༠༠༠་ལྷག་གི་རྒྱང་ཁད་ཀྱིས་ཆོད་པའི་རྒྱ་གར་དྷ་རམ་ས་ལའི་ཧི་མ་ལ་ཡའི་རི་འདབས་སུ་ཕེབས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་ཕུལ་པ་རེད་ཅེས་གསར་འགྱུར་བཀོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG