ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་ལ་༧གོང་ས་ཏཱ་ལའི་བླ་མར་གྲོས་མོལ་འཕྲོ་སྐྱོང་དགོས་པའི་ནན་སྐུལ།


༄༅།། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་སྐུ་ཚབ་ཀྱིས་གཟའ་འཁོར་སྔོན་མར་ཐེ་ཝན་དུ་གསུང་བཤད་ཅིང་གནང་བའི་སྐབས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་བདེན་མཐའ་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ཤིག་རྩ་འཛིན་གནང་གི་ཡོད་པར་ཨ་མི་རི་ཀའི་སྲིད་གཞུང་གིས་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ངེས་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ཡང་ན་༧གོང་ས་མཆོག་གང་ཉིད་ཀྱི་སྐུ་ཚབ་ལ་འཕྲལ་དུ་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་ཞེས་ནན་བརྗོད་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG