ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནེའུ་ཛི་ལན་ཌིའི་མེ་མདའ་ཉར་འཛིན་བཅའ་ཁྲིམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་ཉི་མའི་ཉིན་ནེའུ་ཛི་ལན་ཌིའི་སྲིད་བློན་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་མི་དེར་ནེའུ་ཛི་ལན་ཌིའི་ས་ཐོག་ཏུ་ཁྲིམས་བཤེར་བྱ་རྒྱུ་ཡིན་ཞེས་བཤད། ཕྱི་ཟླ་༣་ཚེས་༡༨་ཉིན་ནེའུ་ཛི་ལན་ཌིའི་གཞུང་གིས་སྤྱི་དམངས་ཀྱི་མེ་མདའ་ཉར་འཛིན་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད། ནེའུ་ཛི་ལན་ཌིའི་གཞུང་གིས་མེ་མདའ་ཉར་འཛིན་གྱི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་རིམ་བཞིན་མི་དམངས་ལ་ཁྱབ་བསྒྲགས་བྱ་འཆར་ཡོད།

༄༅།། ཁ་སྔོན་གཟའ་པ་སངས་ཉིན་ནེའུ་ཛི་ལན་ཌིའི་ཁ་ཆེའི་ལྷ་ཁང་གཉིས་སུ་མི་མང་གིས་ཕྱག་འཚལ་བ་དང་ཁ་འདོན་བྱས་པའི་སྐབས་སུ་མི་ཞིག་གིས་རང་འགུལ་མེ་མདའ་བརྒྱབ་སྟེ་ཁ་ཆེ་ཆོས་དད་པ་༥༠་ཐམ་པ་བསད་པ་དང་མི་༥༠་ལྷག་རྨས་། ཐེངས་འདིར་ནེའུ་ཛི་ལན་ཌིའི་ཁ་ཆེའི་ལྷ་ཁང་དེ་དག་ལ་གཏོར་རྒོལ་བྱེད་མཁན་ནི་མི་རིགས་དཀར་པོ་མཆོག་འཛིན་པའི་འཇིགས་སྐུལ་རིང་ལུགས་དང་ཕྱི་མི་གཞིས་ཆགས་པར་སྡང་ཟུག ལྷག་པར་དུ་ཁ་ཆེ་ལ་སྡང་ཟུག་བྱེད་མཁན་ཨོ་གླིང་རྒྱལ་ཁབ་ཀྱི་མི་ཞིག་ཡིན་ཞིང་། གཟའ་ཉི་མའི་ཉིན་ནེའུ་ཛི་ལན་ཌིའི་སྲིད་བློན་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་མི་དེར་ནེའུ་ཛི་ལན་ཌིའི་ས་ཐོག་ཏུ་ཁྲིམས་བཤེར་བྱ་རྒྱུ་ཡིན་ཞེས་བཤད། ཕྱི་ཟླ་༣་ཚེས་༡༨་ཉིན་ནེའུ་ཛི་ལན་ཌིའི་གཞུང་གིས་སྤྱི་དམངས་ཀྱི་མེ་མདའ་ཉར་འཛིན་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད། ནེའུ་ཛི་ལན་ཌིའི་གཞུང་གིས་མེ་མདའ་ཉར་འཛིན་གྱི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་རིམ་བཞིན་མི་དམངས་ལ་ཁྱབ་བསྒྲགས་བྱ་འཆར་ཡོད། གང་ལྟར་ནེའུ་ཛི་ལན་ཌིར་མི་གསོད་ཁྲག་སྦྱོར་གྱི་གཏོར་རྒོལ་ཡ་ང་བ་ཞིག་བྱུང་ནས་ཉི་མ་༡༠་མི་འགོར་པར་སྤྱི་ཚོགས་ལ་བདེ་འཇགས་ཡོད་པ་དང་སྤྱི་དམངས་ཀྱི་མེ་མདའ་ཉར་འཛིན་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་ཐུབ་པའི་ཡིད་ཆེས་ཡོད། མེ་མདའ་ཉར་འཛིན་གྱི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་དགོས་པའི་ཐག་གཅོད་འདིར་ནེའུ་ཛི་ལན་ཌིའི་བློན་ཆེན་ལྷན་ཁང་གི་ལས་སྣེ་རྣམས་སྤྱི་མོས་ཀྱི་གྲོས་མཐུན་བྱུང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།
བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ལོ་ན་༢༨་ལ་སོན་པའི་ཨོ་གླིང་བ་ཊ་རན་ཊི་ཞེས་པ་ཞིག་གིས་རང་འགུལ་མེ་མདའ་བརྒྱབ་སྟེ་ནེའུ་ཛི་ལན་ཌིའི་ཁ་ཆེའི་ལྷ་ཁང་གཉིས་ལ་གཏོར་རྒོལ་མ་བྱས་སྔོན་དུ་སྲིད་བློན་ཨར་ཌན་དང་གྲོས་ཚོགས་འཐུས་མི་རྣམས། ནེའུ་ཛི་ལན་ཌིའི་གསར་འགྱུར་ལས་ཁང་ཁག་ལ་ཤོག་གྲངས་༨༧་ཅན་གྱི་བསྒྲགས་གཏམ་ཞིག་བཀྲམ། བསྒྲགས་གཏམ་དེར་ཕྱི་མི་གཞིས་ཆགས་པར་སྡང་ཟུག་དང་ཁ་ཆེ་ལ་སྡང་ཟུག མི་རིགས་དཀར་པོ་མཆོག་འཛིན་དང་ཡེ་ཤུའི་ཆོས་ལུགས་རྩ་འཛིན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར། ཨ་མི་རི་ཀའི་སྲིད་དོན་པ་ཁག་ཅིག་གིས་མེ་མདའ་ཉར་འཛིན་གྱི་ཐོབ་ཐང་འགོག་གི་ཡོད་པར་ཁ་རྡུང་། བསྒྲགས་གཏམ་དེའི་རྩོམ་པ་པོས་ལོ་གཉིས་ཀྱི་རིང་ལ་གཏོར་རྒོལ་བྱ་རྒྱུའི་གྲ་སྒྲིག་དང་སྦྱོང་བརྡར་བྱས་པ་ཡིན། ངས་ཐོག་མ་ནས་ནེའུ་ཛི་ལན་ཌའི་ཁ་ཆེའི་ལྷ་ཁང་དེ་དག་གཏོར་རྒོལ་བྱ་ཡུལ་གྱི་དམིགས་འབེན་དུ་བཟུང་མེད། ཡིན་ནའང་ངས་ནེའུ་ཛི་ལན་ཌིའི་ཁ་ཆེའི་ལྷ་ཁང་དེ་དག་ལ་གཏོར་རྒོལ་བྱས་པར་རྒྱུ་མཚན་ཡོད། དེ་ནི་ནེའུ་ཛི་ལན་ཌི་ནི་འཛམ་གླིང་གི་བདེ་འཇགས་ཡག་ཤོས་ཀྱི་རྒྱལ་ཁབ་ཅིག་ལ་རྩི་བཞིན་འདུག་ཅེས་བཀོད།།
ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་༩་པས་དོགས་ཅན་མི་སྣ་དེའི་བཟའ་མི་ཚོར་བཅར་འདྲི་ཞུས་ཏེ་ཨ་ཞང་དང་མེས་མོ་སོགས་ཀྱིས་གཏོར་རྒོལ་དེར་ཁ་རྡུང་དྲག་པོ་བཏང་ཡོད་པ་སྟེ། ཨ་ཞང་ཧྥི་ཛི་གྷེ་རེལ་ཞེས་པ་ཞིག་གིས་ང་ཚོས་ནེའུ་ཛི་ལན་ཌིའི་འཆི་རྨས་བྱུང་བའི་མི་མང་དེ་དག་གི་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་དང་བཟོད་གསོལ་ཞུ་རྒྱུ་ཡིན། ང་ཚོ་རང་ཁྱིམ་དུ་ཡིབ་ནས་འདུག་པ་ལས་བྱ་ཐབས་གཞན་པ་མི་འདུག་ཟེར། མེས་མོ་ལོ་ན་༨༡་ལ་སོན་པ་ཞིག་གིས་ང་ཚོ་ནི་བསམ་ཡུལ་ལས་འདས་པའི་ཧང་སང་སོང་། ང་ཚོས་ཅི་ཞིག་བྱ་དགོས་པའང་ཤེས་ཀྱི་མི་འདུག གསར་འགྱུར་ནང་དུ་གཏོར་རྒོལ་དེ་ཡུན་རིང་ཞིག་ནས་གྲ་སྒྲིག་བྱས་པ་རེད་ཟེར། དེ་ལ་བལྟས་ན་ཁོ་པ་སེམས་པ་ཐང་ཐང་མེད་པ་གསལ་བོ་རེད། ང་ཚོས་བརྙན་འཕྲིན་ལ་བལྟས་ནས་གཏོར་རྒོལ་བྱུང་བ་མཐོང་ཐོས་བྱུང་སོང་། ཐོག་མར་ཡིད་ཆེས་མ་སོང་། ཡིན་ནའང་ཁོ་པའི་འདྲ་པར་བསྟན་ཡོང་དུས་ར་འཕྲོད་བྱུང་། ངའི་ཚ་བོ་ཕྱི་རྒྱལ་ལ་ལྟ་སྐོར་དུ་བསྐྱོད་པ་དེ་ནས་བཟུང་སྟེ་འགྱུར་བ་ཐེབས་པ་འདྲ་ཞེས་བཤད། ཊ་རན་ཊི་ངོ་ཤེས་པའི་མི་ཚོས་ཕོ་གསར་དེ་གཤིས་ཀ་འཇམ་པོ་དང་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་འགྱུར་རྒྱུའི་རྟགས་མཚན་ཅི་ཡང་མི་མངོན། ཁོ་པ་ཏུར་ཀི་དང་པ་ཀི་སི་ཐན་སོགས་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མྱོང་ཡོད་ཅེས་བཤད། ཨོ་གླིང་གསར་ཁང་༩་པས་༢༠༡༠་ལོར་ཊ་རན་ཊིའི་ཨ་ཕ་འདས་གྲོངས་སུ་གྱུར། ཁོ་པ་ཡུ་རོབ་རྒྱལ་ཁབ་ཁག་ལ་སྐོར་སྐྱོད་དུ་ཕྱིན་པའི་སྐབས་སུ་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་ཁ་ཆེའི་རྒྱལ་ཁམས་ཚུགས། འཛམ་གླིང་གི་ས་གནས་གང་སར་ཁ་ཆེའི་མཐའ་ལྷུང་བ་རྣམས་དར་ཁྱབ་འགྲོ་བཞིན་པའི་སྒང་རེད་ཅེས་བསྒྲགས།།
ནེའུ་ཛི་ལན་ཌིའི་སྲིད་བློན་གྱིས་ཨོ་གླིང་གི་སྤྱི་དམངས་ཊ་རན་ཊི་ལ་མི་བསད་པ་སོགས་ཀྱི་ནག་ཉེས་མང་པོ་ཞིག་འཛུགས་འཆར་ཡོད་ཅེས་བཤད་ཀྱང་ལོ་ན་༢༨་ལ་སོན་པའི་ཨོ་གླིང་བ་དེར་ནག་ཉེས་གཞན་པ་ཅི་ཞིག་འཛུགས་རྒྱུ་ཡིན་མིན་གསལ་བོར་བཤད་མེད་ཅིང་། དོགས་ཅན་མི་སྣ་ཊ་རན་ཊི་རང་ཡུལ་ལ་ཕྱིར་སློག་བྱ་དགོས་མིན་ཐད་དུ་སྲིད་བློན་ཨར་ཌན་གྱིས་རང་གི་སློབ་སྟོན་པ་ཚོར་གྲོས་བསྡུར་བྱེད་བཞིན་ཡོད། ཡིན་ནའང་ཁོ་པས་ནེའུ་ཛི་ལན་ཌིའི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱས་ནས་ནག་ཉེས་བསགས་པར་ཁྲིམས་གཅོད་བྱ་རྒྱུ་གཡོལ་ཐབས་མེད། ཁ་ཆེའི་ལྷ་ཁང་གཉིས་ཀར་མེ་མདའ་རྒྱག་མཁན་མི་གཞན་པ་མེད་པ་དང་ནེའུ་ཛི་ལན་ཌིའི་གཞུང་གིས་མི་གཞན་པ་གཉིས་འཛིན་བཟུང་བྱས་ཡོད། ཁོ་ཚོས་དངོས་སུ་མེ་མདའ་བརྒྱབ་པའི་རྟགས་མཚན་མི་འདུག་ཅེས་བཤད། ད་ཐེངས་ཀྱི་གཏོར་རྒོལ་རྗེས་སུ་ནེའུ་ཛི་ལན་ཌིའི་གཞུང་གིས་མེ་མདའ་བཀག་སྡོམ་བྱ་རྒྱུའི་གླེང་སློང་བྱུང་ནས་བཟུང་། རྒྱལ་ཁབ་དེའི་སྤྱི་དམངས་གྲས་སུ་མེ་མདའ་ཉོ་མཁན་ཇེ་མང་དུ་སོང་། མེ་མདའ་བཀག་སྡོམ་གྱི་བཅའ་ཁྲིམས་དམ་དུ་གཏོང་དགོས་མིན་ནི་ནེའུ་ཛི་ལན་ཌའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཏུ་གྱུར།
ད་ལྟ་འཛམ་གླིང་འདིར་ཨ་མི་རི་ཀ་དང་ནེའུ་ཛི་ལན་ཌི་ཚུད་པའི་རྒྱལ་ཁབ་༡༦་གི་ནང་དུ་མེ་མདའ་ཉོ་ཚོང་བྱེད་ཆོག འོན་ཀྱང་རྒྱལ་ཁབ་དེ་ཚོར་མེ་མདའ་ཉོ་ཚོང་གི་དུས་ཡུན་ལ་ཆུ་ཚོད་དང་ཉི་མ། བདུན་ཕྲག་དང་ཟླ་བ་བཅས་འགོར་འགྱངས་འགྲོ་བའི་ཁྱད་པར་ཆེན་པོ་ཡོད་ཅིང་། དཔེར་ན་ནེའུ་ཛི་ལན་ཌི་ལ་མཚོན་ལ་སྐྱེ་བོ་གང་ཞིག་ལོ་༡༦་ལ་སོན་པའི་རྗེས་སུ་མེ་མདའ་ཉར་འཛིན་གྱི་ལག་འཁྱེར་ཞུས་ཆོག མི་དེ་ལོ་༡༨་ལ་སོན་པའི་རྗེས་སུ་མེ་མདའ་ཉར་འཛིན་བྱེད་ཆོག ཉམས་ཞིབ་པ་ཚོས་ནེའུ་ཛི་ལན་ཌིའི་གཞུང་གིས་མེ་མདའ་ཉར་འཛིན་གྱི་ལོ་ཚད་མཐོ་རུ་གཏོང་བ་དང་དམག་གི་མེ་མདའ་རྣམས་སྤྱི་དམངས་ལ་ཉོ་ཚོང་བྱེད་དུ་འཇུག་མི་ཆོག་པ། མེ་མདའ་ཉོ་མཁན་གྱི་རྒྱབ་ལྗོངས་ལ་ཞིབ་འཇུག་གི་དུས་ཡུན་འགོར་དགོས་པའི་ཐག་གཅོད་བྱ་སྲིད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་རུང་ནེའུ་ཛི་ལན་ཌིའི་མེ་མདའ་ཉར་འཛིན་ཐོབ་ཐང་ཚོགས་པས་སྲིད་བློན་ཨར་ཌན་གྱི་གྲོས་གཞི་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ནེའུ་ཛི་ལན་ཌིའི་མི་དམངས་ལ་མེ་མདའ་ཉར་འཛིན་དང་ཉོ་ཚོང་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་འཕྲོག་མི་ཆོག་ཅེས་བསྒྲགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནེའུ་ཛི་ལན་ཌིར་མི་གསོད་ཁྲག་སྦྱོར་བྱུང་བ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། ཁ་ཆེའི་ལྷ་ཁང་དེ་དག་ལ་གཏོར་རྒོལ་བྱས་པ་ནི་མི་རིགས་དཀར་པོ་མཆོག་འཛིན་གྱི་ལས་འགུལ་ལ་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་བ་དང་ལས་འགུལ་ཁག་ལ་མངོན་གསལ་དོད་པོས་ཁ་རྡུང་གཏོང་གི་མེད་པ་རེད།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG