ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད།


ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ནི་འཛམ་གླིང་འདིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་དེ་རེད་ཅེས་བསྐྱར་དུ་སྐྱོན་བརྗོད་བྱས་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༡༣་ཉིན་མོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༢༠༡༨་ལོའི་འཛམ་གླིང་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་ནས་གསར་འགོད་ལྷན་ཚོགས་བསྐོངས་པ་དེའི་ཐོག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཐད་དུ་རྒྱ་ནག་ནི་གཞན་པ་སུ་དང་བསྡུར་ཐབས་མེད་པའི་སྡུག་ཤོས་ཤིག་རེད་ཅེས་གསུངས་ཡོད་པ་དང་། ཨ་རིའི་གཞུང་གི་རྒྱ་ནག་ལ་ཡོངས་གྲགས་སུ་སྐྱོན་བརྗོད་དེ་ལྟར་བྱས་པར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་དགའ་བསུ་ཞུས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG