ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་དབྱིན་ཇིའི་ཧོང་ཀོང་གི་སྤྱི་བསྒྲགས།


སྤྱི་ལོ་༡༩༨༤་ལོར་རྒྱ་ནག་དང་དབྱིན་ཇིའི་སྲིད་གཞུང་གིས་ཆིངས་ཡིག་བཞག་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྲི་སྲིད་ཇུས་འོག་ཏུ་དབྱིན་ཇིའི་གཞུང་གིས་ཧོང་ཀོང་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་མཉམ་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་ཡོད་ཅིང་། སྤྱི་ལོ་༡༩༩༧་ལོར་ཧོང་ཀོང་དབྱིན་ཇིའི་དབང་སྒྱུར་འོག་ནས་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་བྱུང་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རང་སྐྱོང་གི་གཞི་རྩའི་བཅའ་ཁྲིམས་གཏན་འབེབས་བྱས་པ་ལག་བསྟར་བྱེད་ཀྱི་མེད་པ་དང་། དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གིས་ཀྱང་ཧོང་ཀོང་མི་དམངས་ཀྱི་རང་དབང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུའི་རམ་འདེབགས་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་དབྱིན་ཇིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་སྙན་ཐོ་བཏོན། ཧོང་ཀོང་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་དོན་དུ་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་མིང་རྟགས་བཀོད་པའི་མཉམ་འབྲེལ་གྲོས་མཐུན་ལག་བསྟར་བྱེད་པར་དབྱིན་ཇིའི་སྲིད་གཞུང་གིས་འགན་ལེན་ཆེ་ཙམ་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG