ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༣/༢༠

བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་པ།


ད་རིང་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༣ ཚེས་༡༠ ཉིན་མོ་འདི་ནི་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཡོངས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ནས་ལོ་དྲུག་ཅུ་འཁོར་བའི་དུས་དྲན་ཡིན་ཞིང་། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་པ་ཚོས་ཡིད་གདུང་དྲག་པོའི་སྒོ་ནས་དམིགས་བསལ་གྱི་ཉིན་མོ་འདིར་དྲན་གསོའི་སྲུང་བརྩི་ཞུས་ཡོད་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་གཞུང་དམངས་གཉིས་ནས་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་གཉེར་གནང་ཡོད་པས། བཞུགས་སྒར་གྱི་དུས་དྲན་མཛད་སྒོའི་ནང་སྦ་ས་ཝ་ནའི་སྲིད་འཛིན་ཟུར་པ་དང་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་ཡོད་པའི་འབྲེལ་ཡོད་ཀྱི་གནས་ཚུལ་སྐོར་བཞུགས་སྒར་གྱི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG