ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྱིས་སྒྲུང་བོད་འགྱུར་ལོ་ཙཱ་བ་ཉི་མ་འཚོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་སྡེ་ཚན་གྱི་འགན་འཛིན་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོས་འདས་པའི་ལོ་༢༠་ཙམ་ལ་ལས་ཞོར་དུ་སྒྲུང་རྩོམ་གང་མང་བྲིས་ཤིང་། ལོ་ཤས་སྔོན་དུ་ཁོ་མོ་ཨ་མར་གྱུར་པ་ནས་བཟུང་སྟེ་རང་གི་བུ་ཕྲུག་ལ་བོད་སྐད་ཀྱི་ལམ་ནས་སློབ་གསོ་སྤྲོད་རྒྱུའི་གོ་སྟབས་རིམ་སྤོ་བྱས་ཀྱང་བོད་ཡིག་ལ་བྱིས་སྒྲུང་ཉུང་ཉུང་ཡིན་པ་དངོས་སུ་མཐོང་སྟེ། ད་ལྟ་ཁོ་མོས་བྱིས་སྒྲུང་༣༠་ལྷག་བོད་ཡིག་ཏུ་བསྒྱུར་ཟིན་ཡོད་ཅིང་།

༄༅།། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་སྡེ་ཚན་གྱི་འགན་འཛིན་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོས་འདས་པའི་ལོ་༢༠་ཙམ་ལ་ལས་ཞོར་དུ་སྒྲུང་རྩོམ་གང་མང་བྲིས་ཤིང་། ལོ་ཤས་སྔོན་དུ་ཁོ་མོ་ཨ་མར་གྱུར་པ་ནས་བཟུང་སྟེ་རང་གི་བུ་ཕྲུག་ལ་བོད་སྐད་ཀྱི་ལམ་ནས་སློབ་གསོ་སྤྲོད་རྒྱུའི་གོ་སྟབས་རིམ་སྤོ་བྱས་ཀྱང་བོད་ཡིག་ལ་བྱིས་སྒྲུང་ཉུང་ཉུང་ཡིན་པ་དངོས་སུ་མཐོང་སྟེ། ད་ལྟ་ཁོ་མོས་བྱིས་སྒྲུང་༣༠་ལྷག་བོད་ཡིག་ཏུ་བསྒྱུར་ཟིན་ཡོད་ཅིང་། བྱིས་སྒྲུང་བོད་འགྱུར་མ་དེ་དག་གི་གྲས་ཀྱི་སྒྲུང་དེབ་༡༦་དཔར་དུ་བསྐྲུན་ནས་རྒྱ་གར་དང་ཨ་རི། རྒྱ་ནག་དང་བོད། ཡུ་རོབ་དང་ཨོ་གླིང་བཅས་ཕྱོགས་སོ་སོར་འགྲེམ་སྤེལ་བྱས་འདུག ཐེངས་འདིའི་བུད་མེད་ལེ་ཚན་ནང་དུ་རྩོམ་པ་པོ་ཉི་མ་འཚོ་ལ་བོད་པའི་ཁ་འཐོར་སྤྱི་ཚོགས་སུ་བོད་ཀྱི་ཨ་མ་ཚོས་གཙོ་འགན་བཞེས་དགོས་པ་གང་གང་ཡོད་མེད་སོགས་ལ་གླེང་མོལ་ཞུས་ཡོད།།
XS
SM
MD
LG