ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དང་བསྟུན་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དོན་གཉེར་ཅན་ཚོར་དགེ་ཚུལ་སློང་གི་སྡོམ་པ་གནང་སྲོལ་ཡོད་པ་ལྟར་ད་ལོ་དགེ་ཚུལ་སྡོམ་པ་ཞུ་མཁན་མི་༧༥་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་མི་༥༠༠ ཙམ་ཕེབས་ཡོད་ཅིང་། དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མགོན་པོ་གང་ཉིད་ཀྱིས་གྲྭ་བཙུན་དེ་ཚོར་དགེ་ཚུལ་སློང་གི་སྡོམ་པ་བསྩལ་ཡོད་པའི་སྐོར། འདི་འགའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་གསུང་འབུམ་ཕྱོགས་སྒྲིག་ཚན་པའི་འགན་འཛིན་ཡང་སྟེང་རིན་པོ་ཆེར་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།