ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་ལ་གཏོར་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་དྲྭ་ལམ་ལ་གཏོར་རྒོལ་ཟེར་བའི་རྩོམ་ཡིག་ཞིག་ཉི་ཧོང་དུ་འགྲེམ་སྤེལ་བྱེད་བཞིན་པའི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྲིད་དོན་གྱི་གནས་ཚུལ་འགོད་ས་དུས་དེབ་ཅིག་ཏུ་ཐོན་ཡོད་ཅིང་། འདི་ནི་ཉེ་ཆར་དྲྭ་ལམ་དུ་གཏོར་རྒོལ་བྱེད་མཁན་ཞིག་གིས་བཙན་བྱོལ་བོད་གཞུང་གི་གློག་འཕྲིན་ཁ་བྱང་རྣམས་དྲྭ་རྐུན་གྱི་ལག་ཏུ་ཤོར་ཏེ་ཐོ་གཞུང་དུ་འཁོད་པའི་མི་ཚོར་དྲྭ་འབུ་ཡོད་པའི་ཡིག་ཆ་རྫུན་མ་བསྐུར་ཡོད་པ་སོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དམིགས་སུ་བཀར་ནས་དྲྭ་ལམ་གྱི་གཏོར་རྒོལ་བྱུང་བའི་གནས་ཚུལ་རྣམས་ཕྱོགས་སྡོམ་བྱས་པའི་རྩོམ་ཡིག་ཅིག་སྤེལ་འདུག

ཐེངས་འདིར་དཔར་དུ་བསྐྲུན་པའི་རྩོམ་ཡིག་འབྲི་མཁན་ཏེ། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཞིབ་འཇུག་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་འགྲེལ་བརྗོད་བྱས་དོན། འདི་ལྟ་བུའི་རྒོལ་རྡུང་རིམ་པ་མང་པོ་ཡོང་བཞིན་ཡོད་པ་དང་བར་ལམ་ཞིག་ལ་རྡ་རམ་ས་ལའི་གཞུང་གི་ལས་བྱེད་པ་ཁ་ཤས་ལ་ཝ་ཊི་སི་ཨབ་བརྒྱུད་དེ་ལྷ་ས་ནས་འབྲེལ་བ་བྱེད་ཁུལ་གྱིས་ཁ་པར་ནང་དུ་བསྐུར་པའི་མཉམ་སྦྱར་ཡིག་ཆའི་ནང་དུ་དྲྭ་འབུ་གཏོང་གི་འདུག གལ་སྲིད་མཉམ་སྦྱར་གྱི་ཡིག་ཆ་དེ་ཚོ་ཁ་ཕྱེས་ན་རང་གི་ཀམ་པུ་ཊ་དང་ཁ་པར་ནང་དུ་དྲྭ་འབུ་འཛུལ་ཡོང་གི་འདུག་ཅེས་བཤད།།

ཞིབ་འཇུག་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་འདི་ཉིད་དྲྭ་ལམ་གཏོར་རྒོལ་པའི་དམིགས་འབེན་དུ་གྱུར་པ་དང་བོད་པ་ཚོས་གནས་ཚུལ་འདི་རྣམས་གོ་ཐོས་ཐུབ་ཀྱི་ཡོད་ཀྱང་དེ་ལ་དོ་སྣང་དང་དོགས་ཟོན་ཆེན་པོ་མི་བྱེད་པའི་དཀའ་ངལ་ཆེན་པོ་ཞིག་འདུག་ཅེས་བརྗོད་ཀྱི་འདུག

XS
SM
MD
LG