ངོ་འཕྲད་བདེ་བའི་དྲ་འབྲེལ།

ཝི་ཏེ་ནམ་གྱི་ཤེས་ཡོན་ཅན་ཚོས་ཊམ་ལ་འབོད་སྐུལ།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཟླ་བ་འདིར་ཝི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱ་འཆར་ཡོད་ཅིང་། དེར་བརྟེན་ཝི་ཏེ་ནམ་གྱི་ཤེས་ཡོན་ཅན་༡༠༠་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཕྱག་བྲིས་ཤིག་ཕུལ་ཏེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་མངའ་ཁོངས་བཙན་འཕྲོག་བྱེད་ཀྱི་ཡོད་པ་རྣམས་ཨ་མི་རི་ཀས་བཀག་འགོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG