༄༅།། རྒྱ་ནག་གཞུང་གིས་སྔར་ལོ་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་ལ་བསམ་བློའི་སློབ་གསོ་འཕར་མ་སྤེལ་ཏེ་བཀག་ཉར་ཁང་དུ་བཅུག་པའི་སྙན་ཐོ་རིམ་པ་ཞིག་ཐོན་ཡོད་པ་དེའི་ཁོངས་སུ་ཞིན་ཅང་གི་སྒྱུ་རྩལ་བ་དང་སློབ་གསོ་བ། རྩོམ་པ་པོ་དང་ལུས་རྩལ་བ་སོགས་ཚུད་ཡོད་ཅིང་། ཞིན་ཅང་གི་ཡུ་གུར་བའི་རྐང་རྩེད་སྤོ་ལོ་མཁས་པ་སྐད་གྲགས་ཅན་ཨིར་ཧྥན་ཧེ་ཟིམ་ཡང་བཀག་ཉར་གྲས་སུ་ཚུད་པས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས་ཨིར་ཧྥེན་ཇེ་ཟིམ་གློད་གྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པས་ཟླ་བ་མང་པོར་མི་མང་གི་མིག་ལམ་དུ་གར་སོང་ཆ་མེད་དུ་གྱུར་པའི་ཡུ་གུར་བའི་རྐང་རྩེད་སྤོ་ལོ་མཁས་པ་དེ་གློད་གྲོལ་ཐོབ་ནས་བསྐྱར་དུ་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ཏུ་ཚུད་ཡོད་པ་མཐོང་རྒྱུ་ཡོད་པས་གསར་ལམ་ཁག་ཏུ་ཁོ་པ་གློད་གྲོལ་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག སྔ་ལོ་རྐང་རྩེད་སྤོ་ལོ་མཁས་པ་སྐད་གྲགས་ཅན་ཧེ་ཟིམ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་དྷུ་བྷེ་དང་ཡུ་རོབ་རྒྱལ་ཁབ་སི་པེན་གཉིས་ལ་རྐང་རྩེད་སྤོ་ལོའི་འགྲན་སྡུར་ལ་ཞུགས་ནས་ཞིན་ཅང་ལ་ཕྱིར་ལོག་བྱས་ནས་སྤྱི་ཟླ་༢་པའི་ནང་དུ་འཛིན་བཟུང་བྱས་ཡོད་པ་རེད།།