ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལྷོ་ཕྱོགས་སུ་ཆོ་འཕྲུལ་སྨོན་ལམ་དབུ་འཛུགས།


རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས། དེ་བཞིན་སེར་ར་ཐེག་ཆེན་གླིང་བཅས་སུ་དགེ་འདུན་པ་སྟོང་ཕྲག་མང་པོ་འདུས་ནས་ལོ་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོ་གྲས་ཏེ། ཆོ་འཕྲུུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་ཅིང་། ད་ལོའི་སྨོན་ཆེན་མོ་དུས་ཀུན་དང་མ་འདྲ་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༤་ལ་ཕེབས་ཀྱི་ཡོད་པའི་༧སྐུའི་དགུང་བགེགས་ཟློག་ཐབས་སོགས་དོན་གདན་ཁག་ཅིག་ལ་དམིགས་ཡོད་པའི་སྐོར། གསར་འགྱུར་རྒྱས་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་པའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG