ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷེ་ཟོ་སི་ལ་ཉེས་འཛུགས་དང་གསར་འགོད་རང་དབང་།


༄༅།། ཨ་རིའི་ཨེ་མ་འཛོན་ཁེ་ཁང་གི་བདག་པོ་འཇེབ་བྷི་ཟོ་སི་བཟའ་ཚང་ཁ་འཐོར་པ་དང་ཁོ་པས་བུད་མེད་གཞན་ཞིག་ལ་ལྐོག་ཏུ་གབ་མཐུན་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་རྒྱལ་ཡོངས་རྩད་གཅོད་ཚགས་པར་གྱིས་ཁྱབ་བསྒྲགས་བྱས་ཤིང་། སྐུ་ཞབས་བྷི་ཟི་སིས་རྒྱལ་ཡོངས་རྩད་གཅོད་ཚགས་པར་ལ་གསང་བའི་གནས་ཚུལ་དེ་རྣམས་མཁོ་སྤྲོད་བྱེད་མཁན་སུ་ཡིན་རྩད་གཅོད་ཀྱིས་ལྐོག་གཡོ་ངན་ཇུས་གཤོམ་མཁན་དེ་རྣམས་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་བཞིན་ཡོད་མོད། འོན་ཀྱང་ཁྲིམས་སྦྱོར་འཇིགས་སྐུལ་དེ་ཉིད་ཨ་རིའི་གསར་འགོད་དབང་ལ་རྒྱབ་འགལ་ཡིན་མིན་ཁྲིམས་རྩོད་པས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་གིས་སྤེལ་བའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG