ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཡུ་ཁེ་རན་གྱི་སློབ་གསོ་བ་ཚོར་མཇལ་འཕྲད།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༢་པའི་ཚེས་༡༣་ཉིན་མོར་བཞུགས་སྒར་ཕོ་བྲང་དུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཡུ་ཁེ་རན་གྱི་སློབ་གསོ་བ་༡༦་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་ཅིང་། བཞུགས་སྒར་དུ་ཆེད་བཅར་ཞུས་པའི་ཡུ་ཁེ་རན་གྱི་སློབ་གསོ་བ་དེ་དག་གི་དབུ་ཁྲིད་དེ། ཡུ་ཁེ་རན་ཤེས་རིག་ལྷན་ཁང་གི་སློབ་སྟོན་པས་ཐེངས་འདིའི་ཕེབས་དོན་གཙོ་བོ་ནི་ཁོ་ཚོའི་རྒྱལ་ཁབ་དེའི་ཤེས་ཡོན་སྲིད་ཇུས་སྒྱུར་བཅོས་གཏོང་རྒྱུའི་ཆེད་དུ་༧གོང་ས་མཆོག་ལ་ལམ་སྟོན་ཞུ་བར་བཅར་བ་ཡིན་ཞེས་གསུངས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG