༄༅།། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་༦༧་གྱིས་ལྡི་ལི་ནས་ཝ་ཤིང་ཊོན་དུ་གཟའ་འཁོར་སྔོན་མར་ཆེད་རྫོང་བྱས་པའི་རྒྱ་གར་གྱི་གཞུང་ཚབ་པ་གསར་པ་སྟེ། སྐུ་ཞབས་ཤཱི་རཱིང་ལར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཤིག་ཞུས་ཡོད་ཅིང་། འདི་ནི་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་གར་ལ་མཛའ་འབྲེལ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་ཅིག་འཛིན་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་མཚོན་གྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།