ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་ལྷོ་ཨ་ཧྥི་རི་ཀར་ཕེབས་པ།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལྷོ་ཨ་ཧྥི་རི་ཀའི་ཕྱོགས་འགལ་དམངས་གཙོ་ཚོགས་པས་མགྲོན་འབོད་ཞུས་པ་ལྟར་འདི་ཟླའི་ཚེས་༥་ཉིན་ལྷོ་ཨི་ཧྥི་རི་ཀར་ཉིན་ལྔའི་གཞུང་དོན་ཕྱོགས་སྐྱོད་དུ་ཕེབས་ཡོད་ཅིང་། ད་ཐེངས་ཀྱི་ཕྱོགས་སྐྱོད་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེས་ལྷོ་ཨ་ཧྥི་རི་ཀའི་སྲིད་དོན་ཚོགས་པ་འདྲ་མིན་ཁག་གི་འཐུས་མི་རྣམས་དང་གསར་འགོད་པ། དེ་བཞིན་གཙུག་ལག་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཐུག་འཕྲད་གནང་ནས་ད་ལྟའི་བོད་ནང་གི་ཡ་ང་བའི་གནས་སྟངས་ཐབས་རྡུགས་རྣམས་ལྷོ་ཨ་ཧྥི་རི་ཀའི་འབྲེལ་ཡོད་དབུ་ཁྲིད་ཚོར་སྙན་སེང་ཞུས་པར་མ་ཟད། བོད་དོན་འཐབ་རྩོད་ལ་འབྲེལ་ཡོད་ཕྱོགས་ཁང་ཚང་མས་སྔར་ལས་རྒྱབ་སྐྱོར་གནང་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར། ལྷོ་ཨ་ཧྥི་རི་ཀར་བཅར་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་སྲིད་སྐྱོང་གི་ཉིན་ལྔའི་ལྷོ་ཨ་ཧྥི་རི་ཀའི་མཛད་རིམ་ཁག་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG