ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་ཆོས་སྲིད་དབུ་ཁྲིད་ཁག་གི་ལོ་གསར་གསུང་འཕྲིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒ་མཆོག བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྣམ་པས་བོད་ཕྱི་ནང་ཡོངས་ལ་བོད་རྒྱལ་ལོ་༢༡༤༦་གི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུའི་ཞལ་བཞེས་མཛད་པ་སོགས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

XS
SM
MD
LG