ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་དང་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྤྱི་ཟླ་དང་པོའི་ཚེས་༢༤་ནས་༣༡་བར་དུ་ཉི་ཧོང་ལ་གཞུང་དོན་དུ་ཕེབས་ནས་སྒྲུབ་སྒོ་ཁག་ལེགས་པར་གྲུབ་ཡོད་ཅིང་། རེས་གཟའ་ཕུར་བུའི་ཉིན་སྲིད་སྐྱོང་དང་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོ་མཇལ་འཕྲད་བྱུང་སྟེ། ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོར་ད་ལྟའི་བོད་ནང་གི་དཀའ་ངལ་སྤྱི་དང་། ཁྱད་པར་དུ་ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྤྱི་དམངས་རྣམས་ཨ་རིར་རང་དབང་ཐོག་ཏུ་ཡོང་ཆོག་པ་ཇི་བཞིན་ཨ་རིའི་སྤྱི་དམངས་རྣམས་ཀྱང་བོད་ལ་རང་དབང་ཐོག་ཏུ་འགྲོ་སྐྱོད་ཆོག་རྒྱུའི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་གཞིར་མཚན་རྟགས་བཀོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་སྙན་སེང་ཞུས་པར་མ་ཟད། ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་བོད་དོན་ཐག་གཅོད་ཆེད་དུ་སྔར་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་དགོངས་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཉི་ཧོང་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ལུང་རྟོགས་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG