རྒྱ་ནག་གཞུང་གིས་སློབ་གྲྭ་ཆེན་མོ་ཁག་གི་ཁྲིམས་ལུགས་བསླབ་གཞི་ལ་བསྐྱར་ཞིབ་བྱེད་བཞིན་པའི་སྐབས་སུ་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཀྲང་ཆན་ཧྥན་གྱིས་བརྩམས་པའི་ཁྲིམས་ལུགས་སློབ་དེབ་རྒྱ་ནག་གི་ཚོང་ར་ནས་ཕྱིར་བསྡུ་བྱེད་དུ་བཅུག་ཅིང་། ཁོང་གིས་བརྩམས་པའི་ཁྲིམས་ལུགས་སློབ་དེབ་ནང་དུ་ནུབ་ཕྱོགས་ཀྱི་བསམ་བློའི་ཤན་ཞུགས་ཆེ་བ་དང་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་རྣམས་དར་སྤེལ་གཏོང་དགོས་པའི་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལ་ངོ་མཚང་བྲུས་འདུག་ཅེས་བརྗོད་བྱས་ཀྱང་རྩོམ་པ་པོས་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་པར་མ་ཟད། ཁོང་གིས་སློབ་གསོའི་ལམ་ལུགས་ཁྲོད་དུ་ཆབ་སྲིད་ཀྱི་ལྟ་བ་ནི་བཏང་སྙོམས་སུ་འཇོག་དགོས་ཞེས་དགག་པ་བརྒྱབ་ཡོད་པའི་གནས་ཚུལ་ཞིབ་ཕྲ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།