ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྱི་རྒྱལ་གྱི་གསར་འགོད་པ་བོད་ལ་བཀག་སྡོམ།


༄༅།། རྒྱ་ནག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་༢༠༡༨་ལོར་རྒྱ་ནག་ཏུ་བཅའ་སྡོད་ཕྱི་རྒྱལ་ཀྱི་གསར་འགོད་པར་ཕྲད་པའི་དཀའ་ངལ་ཐོག་ཏུ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཏེ། ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བོད་ཀྱི་ས་གནས་ཁག་ཏུ་གསར་འགྱུར་འགོད་དུ་བསྐྱོད་རྒྱུ་དེར་རྒྱ་ནག་གཞུང་གིས་དམ་བསྒྲགས་མུ་མཐུད་དུ་བྱེད་བཞིན་འདུག་ཅེས་བཀོད་ཡོད་ཅིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གྱི་གསར་འགོད་པ་རྣམས་ཨ་རིར་ཡོང་ཆོག་པ་ཇི་བཞིན་ཨ་རིའི་གསར་འགོད་པ་རྣམས་ཀྱང་བོད་ལ་བསྐྱོད་ཆོག་རྒྱུའི་ཁྲིམས་གཞི་ཨ་མི་རི་ཀས་གཏན་ཁེལ་བྱས་ཡོད་པ་ལག་བསྟར་ནུས་པ་ཐོན་པ་ཞིག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG